ངོ་འཕྲད་བདེ་བའི་དྲ་འབྲེལ།

བར་འབྲོག་ཆུ་བཟང་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ།


༄༅། དོན་རྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་གསལ་བྱེད་སྐྱབས་རྗེ་བར་འབྲོག་ཆུ་བཟང་རིན་པོ་ཆེའི་སྐུ་གདུང་དེ་ནིའུ་འཇར་སིའི་བཀྲ་ཤིས་དགེ་འཕེལ་གླིང་དུ་ཞུགས་འབུལ་ཞུས་ཡོད་ཅིང་། དེ་ཡང་༢༠༢༡་ལོའི་ཕྱ་ཟླ་༦་པའི་ཚེས་༡་སྟེ། རེས་གཟའ་མིག་དམར་གྱི་མཚན་ཡོལ་ཆུ་ཚོད་༢་༣༠་ཐོག་ཏུ་རིན་པོ་ཆེ་དགུང་གྲངས་༩༣་སྟེང་དུ་དམིགས་བསལ་གྱི་སྙུན་གཞི་སོགས་གང་ཡང་མེད་པར་སྐུ་གཤེགས་ཡོད་པར་མ་ཟད། ཤྲི་ཆུ་བཟང་རིན་པོ་ཆེས་འཕྲལ་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ། སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་བཅས་པར་སྙན་སེང་ཞུས་པ་དང་ཆབས་ཅིག ས་གནས་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་བདུན་གཅིག་རིང་དུ་སྐུ་གདུང་གཟིམ་ཤག་ཏུ་བཞུགས་རྒྱུའི་དམིགས་བསལ་གྱི་ཆོག་མཆན་ཞུས། ཉིན་༦་ལ་ཐུགས་དམ་དང་བླ་མཆོད་ཚོགས་འཁོར་གྱི་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཞུས་ཡོད་པ་བཅས་ཀྱི་སྐོར། ནེའུ་ཡོཀ་ནས་འདི་གའི་གསར་འགོད་པ་ངག་དབང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG