༄༅། རྗོང་གསར་མཁྱེན་བརྩེ་རིན་པོ་ཆེའི་ཐེབས་རྩ་ཁང་གིས་མཐུན་འགྱུར་གནང་སྟེ་ཨི་སི་རལ་གྱི་རྒྱལ་ས་ཇཱེ་རུ་ས་ལམ་གྲོང་ཁྱེར་གྱི་ཧི་བྷུ་རུ་གཙུག་ལག་སློབ་གཉེར་ཁང་གི་མཁྱེན་བརྩེ་ནང་བསྟན་རིག་པའི་སློབ་དཔོན་ལ་མཁས་དབང་ཨེ་ཡན་མེཀ་ཀོ་མེཀ་བསྐོ་བཞག་བྱུང་ཡོད་ཅིང་། མཁྱེན་བརྩེ་ཐེབས་རྩ་ཁང་གིས་སྤེལ་བའི་གནས་ཚུལ་དང་གོ་ལའི་ནང་བསྟན་སྒོ་མོའི་གསར་ཤོག་བཅས་ལ་ཐོན་པའི་གནས་ཚུལ་ཁག་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།