ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧར་ཝྭར་ཌིའི་སློབ་དཔོན་ཞིག་གིས་རྒྱ་ནག་ལ་འབྲེལ་བ་ཡོད་པ་སྦས་གསང་།


༄༅།། ཨ་རིའི་གཙུག་ལག་སློབ་གྲྭ་རྩེ་ཕུད་ཀྱི་གྲས་སུ་གཏོགས་པའི་ཧར་ཝྭར་ཌི་སློབ་གྲྭ་ཆེན་མོའི་རྫས་སྦྱོར་རིག་པའི་སློབ་དཔོན་ཆལ་སི་ལི་བྷར་གྱིས་རང་ཉིད་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པ་སྦས་གསང་བྱས་པ་གཟའ་མིག་དམར་ཉིན་ཨ་རིའི་ཁྲིམས་ཁང་ཞིག་ཏུ་ཁུངས་སྐྱེལ་བྱུང་སྟེ་ཉེས་ཆད་འཕོག་གི་ཡོད་ཅིང་། ད་ཐེངས་ཀྱི་ཁྲིམས་ཞིབ་འདིས་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཉམས་ཞིབ་པ་ཚོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཤེས་བྱ་གསར་པ་དང་དཔལ་འབྱོར། ཚན་རིག་སོགས་རིག་གནས་གཞན་རྣམས་བརྐུས་ཁྱེར་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།


XS
SM
MD
LG