ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༡༤

ཐེ་ཝན་གྱི་སྲིད་འཛིན་ལ་གཟེངས་ཐོན་དབུ་ཁྲིད་ཀྱི་བྱ་དགའ་ཐོབ་པ།


༄༅།། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཧེ་ལི་ཧྥིཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གིས་༢༠༢༠་ལོའི་རྒྱལ་སྤྱིའི་གཟེངས་སུ་ཐོན་པའི་དབུ་ཁྲིད་ཀྱི་གཟེངས་རྟགས་ཏེ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་མཱེ་ཁན་དམ་པ་དེ་ཉིད་ཀྱི་མཚན་ཐོག་ཏུ་གསར་གཏོད་བྱས་པའི་བྱ་དགའ་དེ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་འབུལ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང་། འདི་ནི་རྒྱ་ནག་གཞུང་གི་གནོན་ཤུགས་དང་ཚོགས་པ་དེར་འགྲོ་གྲོན་སྤྲོད་མཁན་ཁེ་ན་ཌེའི་གཞུང་གིས་ངོ་རྒོལ་བྱས་མིན་སོགས་ལ་མ་ལྟོས་པར་ཐེ་ཝན་གྱི་སྲིད་འཛིན་ལ་བྱ་དགའ་དེ་འབུལ་རྒྱུའི་ཐག་གཅོད་གནང་བ་ཞིག་ཡིན་པ་སོགས་ཀྱི་སྐོར། གསར་འགྱུར་ཁག་ལ་གནས་ཚུལ་ཐོན་པ་ཞིག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG