ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཐེ་ཝན་ལ་ཟུར་ཞུགས་བྱེད་དུ་འཇུག་དགོས་ཟེར།


༄༅།། ཨ་མི་རི་ཀས་ལོ་འདིའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆེན་ཐོག་ཏུ་ཐེ་ཝན་ཟུར་ཞུགས་བྱེད་དུ་འཇུག་དགོས་པ་དང་ཐེ་ཝན་མི་དམངས་ལ་རྒྱལ་སྤྱིའི་སྒྲིག་འཛུགས་དེའི་ཁོངས་སུ་སྐད་ཆ་བཤད་སའི་ཁོར་ཡུག་ཅིག་སྤྲོད་དགོས་ཞེས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ནེ་ཌི་ཕེ་རི་སི་ཡིས་ནན་བརྗོད་བྱས་ཡོད་ཅིང་། ཐེ་ཝན་གྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱས་པའི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་མིག་དཔེ་བལྟ་འོས་པ་ཞིག་ཏུ་གྱུར་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་ བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་རྒྱུ་རེད།།


XS
SM
MD
LG