ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འཇར་མན་ཎིར་མཉམ་སྐྱོང་སྲིད་གཞུང་གསར་འཛུགས།


༄༅།། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་སྲིད་དོན་ཚོགས་པ་གསུམ་གྱིས་ཐུན་མོང་གི་མཉམ་སྐྱོང་སྲིད་གཞུང་འཛུགས་རྒྱུ་དེར་གཟའ་ལྷག་པའི་ཉིན་གྲོས་མཐུན་བྱུང་ཡོད་ཅིང་། ཟླ་བ་རྗེས་མར་སྲིད་གཞུང་གསར་པས་ལས་ཁུར་དམ་བཅའ་འཇོག་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། འདས་པའི་ལོ་༡༦་ལ་སྲིད་བློན་ཨན་གྷི་ལ་མར་ཁེལ་གྱིས་སྲིད་དབང་བཟུང་བའང་མཇུག་བསྒྲིལ་གྱི་ཡོད་པ་རེད། ད་བར་སྲིད་བློན་མར་ཁེལ་གྱིས་རྒྱལ་ཁབ་འཛིན་སྐྱོང་གི་འགན་ཁུར་བཞེས་པ་སྲིད་བློན་གསར་པ་ཤོལ་ཛིས་འཁུར་ཐུབ་རྒྱུ་ཡིན་མིན་ལ་ཚོད་དཔག་སྣ་ཚོགས་ཤིག་འབྱུང་གི་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG