ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྲིད་སྐྱོང་གསར་པར་ཅེག་སྤྱི་མཐུན་གྱི་སྲིད་བློན་གཞོན་པ་ཟུར་པས་འཚམས་འདྲི།


Martin Bursik
Martin Bursik

༄༅། ཡུ་རོབ་རྒྱལ་ཁབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྟེ། ད་ལྟའི་ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མར་ཊིན་བྷུར་སིག་གིས་བོད་པ་བཙན་བྱོལ་བ་ཚོས་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་ལ་འཚམས་འདྲིའི་གསུང་འཕྲིན་གནང་འདུག་པར་མ་ཟད། འཛམ་གླིང་གི་ས་ཁུལ་གང་སའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་གྲོས་ཚོགས་འཐུས་མི་སོགས་ཀྱིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་འདུག་པའི་སྐོར། ནམ་མཁའ་བསྟན་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།།


XS
SM
MD
LG