ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོཊ་འོག་མའི་ཚོགས་གཙོས་འདེམས་ཐོན་སྲིད་སྐྱོང་འཚམས་འདྲི། 


ཨ་རིའི་གྲོས་ཚོཊ་འོག་མའི་ཚོགས་གཙོས་འདེམས་ཐོན་སྲིད་སྐྱོང་འཚམས་འདྲི།
༄༅།། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ།

ཆེད་གསོལ། སྐུ་ཉིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་འོས་འདེམས་བྱུང་བར་རྟེན་འབྲེལ་ཞུ། སྐུ་ཉིད་ཀྱི་ཉམས་མྱོང་དང་ཡུན་རིང་གཟེངས་སུ་ཐོན་པའི་སྲི་ཞུ་བསྒྲུབས་པ་བཅས་ཀྱིས་སྲིད་སྐྱོང་གི་མཚན་གནས་བཞེས་ཏེ་བོད་མི་དམངས་ལ་ཞབས་འདེགས་གང་ལེགས་སྒྲུབ་ཐུབ་ངེས་རེད།།

༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ཕེབས་ནས་ལོ་དྲུག་ཅུ་ལྷག་གི་རྗེས་སུའང་བོད་མི་དམངས་ཀྱི་བོད་དོན་འཐབ་རྩོད་ཀྱི་སྙིང་སྟོབས་དེས་སྔར་བཞིན་འཛམ་གླིང་ཡོངས་ལ་སེམས་སྐུལ་ཐེབས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བློ་སྟོབས་ཞུམ་པ་མེད་པར་པེ་ཅིང་གི་བཙན་གནོན་ལ་ཁ་གཏད་བཅག་སྟེ་བོད་པའི་གསོན་ཉམས་ལྡན་པའི་རིག་གཞུང་དང་སྐད་ཡིག་གཅེས་འཛིན། ཆོས་ལུགས་འཆམ་མཐུན་གྱི་སྲོལ་རྒྱུན་རྣམས་འཁྱོངས་གནང་རྒྱུ་དེར་རམ་འདེགས་བསྒྲུབས་ཡོད་ཅིང་། ད་ནི་སྐུ་ཉིད་ཀྱིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ཏེ་སྔར་ལས་ལྷག་པར་ངལ་བ་འཛེམས་མེད་དང་བློ་ཐག་རྦད་བཅད་ཀྱིས་སྲོལ་རྒྱུན་བཟང་པོ་འདི་རྣམས་རྒྱུན་འཁྱོངས་དང་ཞི་བདེ་དོན་གཉེར་གནང་རྒྱུ་དེ་བས་ཀྱང་གལ་གནད་ཆེ།།

ཨ་མི་རི་ཀ་དུས་དང་རྣམ་པ་ཀུན་ཏུ་བོད་མི་དམངས་ཀྱི་ཕྱོགས་སུ་ལངས་ཡོད་པར་སྤོབས་པ་ཡོད། སྐུ་ཞབས་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་ལ་འོས་འདེམས་བྱུང་བར་སླར་ཡང་འཚམས་འདྲི་ཞུ་རྒྱུ་ཡིན་པར་མ་ཟད། སྐུ་ཉིད་ལ་ལས་གནས་གསར་པ་འདིའི་ཏོག་ཏུ་ལམ་ལྷོངས་དང་གྲུབ་འབྲས་འཐོན་པའི་སྨོན་འདུན་ཞུ་བཅས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལི་སིས་༢༠༢༡་ལོའི་ཕྱི་ཟླ་༥་པའི་ཚེས་༢༥་ཉིན་ཕུལ།།

XS
SM
MD
LG