ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༢༤

རྒྱ་ནག་གིས་རིང་མིན་ཨ་རིའི་གནམ་གྲུ་ཡོད་ཚད་བཀག་སྡོམ་བྱ་སྲིད་པ་རེད།


རྒྱ་ནག་སྲིད་གཞུང་གིས་༢༠༢༢ལོའི་པེ་ཅིང་གི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་མ་འཚོགས་སྔོན་ལ་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་ཆེད། མ་འོངས་པའི་གཟའ་འཁོར་གཉིས་ཀྱི་རིང་ལ་ཨ་རི་ནས་རྒྱ་ནག་ལ་འགྲོ་འོང་བྱེད་མཁན་གྱི་ཚོང་ལས་རིགས་ཀྱི་གནམ་གྲུ་ཡོད་ཚད་བཀག་སྡོམ་བྱ་སྲིད་པ་རེད། དེ་ཡང་རྒྱ་ནག་གཞུང་འབྲེལ་ནས་སྤེལ་བའི་སྤྱི་བསྒྲགས་དང་ཨ་རིའི་གསར་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྤྱི་ཟླ་དང་པོའི་ཚེས་༡༩ཉིན་ནས་བཟུང་རྒྱ་ནག་ཕྱོགས་ནས་ཉུང་མཐར་ཡང་གཟའ་འཁོར་གཉིས་ཀྱི་རིང་ལ་ཨ་རི་ནས་རྒྱ་ནག་ཏུ་འཕུར་སྐྱོད་བྱེད་མཁན་གྱི་མཁའ་འགྲུལ་ཡོད་ཚད་ཕྱིར་འཐེན་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་ཚེ་རིང་དབང་མོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུས་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG