ངོ་འཕྲད་བདེ་བའི་དྲ་འབྲེལ།

མོ་ཌེར་ན་སྨན་ཁབ་ལ་ནད་འགོག་གི་ནུས་པ་ཆེ་ཤོས་ཐོན་པའི་སྙན་ཐོ།


༄༅།། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་གྱི་ཉམས་ཞིབ་ཁང་ཞིག་གིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། ཨ་རིའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ལ་ནད་འགོག་གི་ནུས་པ་ཆེ་ཤོས་ཐོན་ཡོད་པ་དང་རྒྱ་ནག་གི་ཁེ་ཞིན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་ལ་ནད་འགོག་གི་ནུས་པ་ཆུང་ཤོས་ཐོན་སོང་ཞེས་སྙན་ཐོ་བཏོན་འདུག སིངྒ་པུར་གྱི་འཕྲོད་བསྟེན་བློན་ཆེན་གྱིས་༢༠༢༡་ལོར་རྒྱལ་ཁབ་དེའི་སྤྱི་དམངས་ལ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ། རྒྱ་ནག་གི་རྒྱལ་ཡོངས་སྨན་སྦྱོར་ཁང་གིས་བཟོས་པའི་སྨན་ཁབ་དང་ཁེ་ཞིན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་རྣམས་བརྒྱབ་སྟེ་ཕན་ནུས་ཆེ་ཆུང་གི་ཁྱད་པར་ཤེས་རྟོགས་བྱུང་སོང་ཞེས་འགྲེལ་བརྗོད་བྱས་འདུག་པའི་སྐོར། འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG