ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༣/༢༠

རྒྱ་ནག་ཝུ་ཧན་དུ་བྲིས་པའི་ཧྥང་ཧྥང་གི་ཉིན་ཐོ།


རྩོམ་པ་པོ་ཧྥང་ཧྥང་།
རྩོམ་པ་པོ་ཧྥང་ཧྥང་།

རྩོམ་པ་པོ་སུ་འདྲ་ཞིག་ཡིན་རུང་འགྲོ་འོང་བཀག་སྡོམ་འོག་ཏུ་ཚུད་ན་རང་གི་ཚོར་བ་དང་གཉོམས་ཆུང་གི་ངང་ཚུལཅི་བྱ་གཏོལ་མེད་དུ་གྱུར་པའི་སེམས་ངལ་རྣམས་འབྲི་སྲོལ་ཡོད་པ་ལྟར་ཏོག་དབྱིབས་རིམས་ནད་ཀྱིས་ཀྱང་རྩོམ་པ་པོ་ཚོར་གོ་སྐབས་མཆོག་ཏུ་གྱུར་པ་ཞིག་བསྐྲུནགནའ་སྔ་མོ་ནས་དམག་མི་དང་བཙོན་པནད་གཅོང་དུ་གྱུར་པ་ཚོས་རང་གི་ཉིན་རེའི་གནས་སྟངས་རྣམས་འགྲེལ་བ་ནི་སོ་སོའི་ལོ་རྒྱུས་འབྲི་ཐབས་བཟང་པོ་ཞིག་ཡིན་ངོས་ཟིན།།

རྒྱ་ནག་གི་བརྩམས་སྒྲུང་རྩོམ་པ་པོ་ཧྥང་ཧྥང་ནི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཝུ་ཧན་གྲོང་ཁྱེར་དུ་འཚོ་གནས་བྱེད་བཞིན་ཡོད་ཅིང་། ད་ལོའི་ཕྱི་ཟླ་དང་པོར་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་འགྲོ་འོང་བཀག་ནས་བཟུང་། ཧྥང་ཧྥང་གིས་རང་གི་མྱོང་ཚོར་རྣམས་དྲྭ་ལམ་དུ་འབྲི་མགོ་བརྩམས། རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་ཉི་མ་༧༦་གི་རིང་དུ་འགྲོ་འོང་བཀག ད་དུང་ཡང་གྲོང་ཁྱེར་དེའི་རྒྱུན་ལྡན་གྱི་འཚོ་བ་རྣམས་སླར་གསོ་ཆ་ཚང་ཞིག་བྱེད་དཀའ་བའི་གནས་སུ་འདུག རྩོམ་པ་པོ་ཧྥང་ཧྥང་གི་ཉིན་ཐོ་དེར་བཟའ་བཅའ་དང་ཉལ་བ། གྲོགས་པོ་གྲོགས་མོ་རྣམས་དང་ཁྱིམ་དུ་གསོ་ཉར་བྱེད་ཡོད་པའི་ཁྱི་དང་ཞུམ་བུ་སོགས་སེམས་ཅན་རྣམས། ཁོ་མོ་ངུས་པ་དང་རྒྱ་ནག་མི་དམངས་ཀྱིས་མྱོང་བཞིན་པའི་སེམས་ཁམས་ཀྱི་སྡུག་བསྔལ་རྣམས་བཀོད་ནས་མི་ཚོས་ཉིན་ལྟར་སེམས་ངལ་མྱོང་བཞིན་པ་རྣམས་ཇི་ལྟར་སེལ་ཐབས་བྱས་པ་རྣམས་བཀོད། ཧྥང་ཧྥང་གིས་ཚགས་པར་བཀླགས་པ་དང་དྲྭ་རྒྱར་བལྟས། ཁོ་མོའི་གྲོང་གླིང་ཆུང་ཆུང་དེའི་ཕྱི་ལོགས་སུ་ཅི་ཞིག་འབྱུང་གི་ཡོད་མེད་རྣམས་ཤེས་ཐབས་སུ་འབད།།

ཧྥང་ཧྥང་གིས་ཉིན་ཐོ་དེར་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱ་རྒྱུར་གནད་ལ་ཁེལ་བའི་ལས་དོན་ཞིག་གཏན་ནས་སྒྲུབ་ཐུབ་ཀྱི་མེད་པ་རྣམས་གསལ་པོ་བསྟན། ཁོ་མོར་རྒྱ་གཞུང་གི་ཞིབ་བཤེར་པ་ཚོས་རྟག་ཏུ་སྡིགས་ར་བསྐུལཁོ་མོས་ཝུ་ཧན་གྱི་དྲི་མ་མེད་པའི་རྣམ་པ་དེར་ནག་ཐིག་འབེབས་ཀྱི་འདུག ཧྥང་ཧྥང་གིས་བྲིས་པ་རྣམས་གསར་རྗེ་ངོ་ལོག་པའི་བརྩམས་ཆོས་རེད་ཅེས་ནག་ཉེས་བཙུགས། ཡིན་ནའང་ཁོ་མོས་རང་གི་འབྲི་རྩོམ་གྱི་ཆེད་ལས་རྒྱུན་བསྐྱངས་ཏེ་རིམ་བཞིན་རྒྱལ་ཡོངས་ཀྱི་དཔའ་རྒོད་ཅིག་ཏུ་གྱུར། རྒྱ་གཞུང་གི་གསར་འགྱུར་ལས་ཁང་ཁག་གིས་སྤེལ་བའི་རྒྱལ་གཅེས་རིང་ལུགས་དང་མིའི་ཚུལ་ཆོས་ལ་འགལ་བའི་དྲིལ་བསྒྲགས་རྣམས་བཀླག་འདོད་མེད་པའི་མི་མང་ས་ཡ་མང་པོས་ཧྥང་ཧྥང་གི་ཉིན་ཐོ་རྣམས་དགའ་བཞིན་བཀླགས། ད་ལྟ་ཧྥང་ཧྥང་གི་ཉིན་ཐོ་དེར་ཝུ་ཧན་ཉིན་ཐོ་སྟེ། ཟུར་འགོག་གྲོང་ཁྱེར་ནས་འབྱོར་བའི་གཏམ་འཕྲིན་ཞེས་དབྱིན་ཡིག་གི་མིང་བྱང་བཀོད་ནས་འཕྲུལ་དེབ་ལ་དཔར་དུ་བསྐྲུན།།

ཧྥང་ཧྥང་གི་བརྩོམས་ཆོས་དེར་ཐོག་མར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུགནི་མི་ནས་མི་ལ་བགོ་བའི་འགོས་ནད་ཅིག་མ་རེད། ནད་དུག་ལས་སླ་བོར་འགོག་བཅོས་བྱེད་ཐུབ་པ་ཞིག་རེད་ཅེས་བསྒྲགས། འོན་ཀྱང་དོན་དངོས་སུ་དེ་ལྟར་མིན་པ་ར་འཕྲོད་དུས་ཝུ་ཧན་གྲོང་ཁྱེར་གྱི་མི་རྣམས་ཟུར་འགོག་བྱས་ཏེ་འཇིགས་སྣང་དང་དངངས་འཚབ་ཅི་ཙམ་བྱུང་ཡོད་པ་རྣམས་གསལ་པོར་འཁོད། ད་ལྟ་རྩོམ་པ་པོ་ཧྥང་ཧྥང་ལོ་ན་༦༥་ལ་སོན་ཡོད་པ་དང་ཁོ་མོ་ཁྱི་རྒན་ནད་པ་ཞིག་ཡོད་པ་དེའི་མཉམ་དུ་ཁེར་རྐྱང་དུ་བསྡད་འདུག ཁོ་མོར་ཁྱི་ལྟོ་ཆད་ནས་སྐབས་ཤིག་གི་རིང་དུ་ཁྱི་རྒན་དེར་འབྲས་སྟེར་དགོས་བྱུང་བར་མ་ཟད། ཧྥང་ཧྥང་ལ་གཅིན་སྙིའི་ན་ཚ་ཡོད་པས་ཟུར་འགོག་ལ་སྣང་ཆུང་མི་གཏོང་བཁོ་མོ་ཏོག་དབྱིབས་ནད་དུག་གིས་འཆི་སྲིད་པ་ངོས་ཟིནམི་དམངས་ཀྱིས་འགྲོ་འོང་བཀག་སྡོམ་ལ་གདོང་ལེན་བྱེད་སྟངས་དེསཧྥང་ཧྥང་ལ་རྗེས་སུ་ཡི་རང་གི་ཚོར་བ་ཞིག་བྱིནཁྱིམ་མཚེས་ཚོས་བཟའ་བཅའ་ཉོ་སྒྲུབ་ཀྱི་མཉམ་ལས་བཙུགས། བཟའ་བཅའ་རྣམས་སླེབས་དུས་མི་ཚོས་རང་རང་གི་སྒེའུ་ཁུང་ཕྱེ་སྟེ་ཐག་པར་བཏགས་པའི་འགྱིག་ཟོམ་རྣམས་ཐུར་དུ་སྣར་ནས་བཟའ་བཅའ་རྣམས་ཡར་བླངསཔས་མི་ཚོས་དྲྭ་བ་ཆེན་པོ་ཞིག་སླེ་བཞིན་པ་ལྟར་དུ་སྣངབ་ཞིག་སྟེར་ཞེས་བཀོད

ཇི་སྲིད་ཁོ་མོ་ནད་མནར་དུ་མ་གྱུར་པ་ན་དེ་སྲིད་དུ་གྲོང་ཁྱེར་དེ་སྟོང་ལྷང་ངེར་དང་འཇམ་ཐིང་ངེར་གྱུར་པའི་བརྗིད་ཆགས་ཀྱི་རྣམ་པ་ཞིག་འཆར་ཡོད་་དེས་ཧྥང་ཧྥང་གི་ཡིད་དབང་འཕྲོག ཁོ་མོས་གཙང་སྦྲ་བྱེད་མཁན་ཚོས་དཀའ་བ་ཁྱད་བསད་ཀྱིས་ཉིན་རེའི་ལས་དོན་སྒྲུབ་ཀྱི་ཡོད་པར་བལྟས་ནས་སེམས་ཚོར་དྲག་པོ་མྱོང་། འདི་དང་དུས་མཚུངས་སུ་ཧྥང་ཧྥང་གིས་ངས་འགྲོ་བ་མིས་སྒྲུབ་ཐུབ་རྒྱུ་རེད་བསམས་པ་ཡིད་ལ་དྲན་མྱོང་མེད་པ་རྣམས་དངོས་སུ་སྒྲུབ་ཀྱི་ཡོད་པ་མིག་གིས་མཐོང་འགོ་ཚུགས་ཀྱི་འདུག་ཅེས་བྲིས། སྨན་ཁང་རྣམས་མིས་ཁེངས་ཟིན་པས་ནད་པ་གཞན་རྣམས་སྲང་ལམ་མྱུལ། ས་གནས་གཞན་གྱི་མི་རྣམས་ཝུ་ཧན་གྲོང་ཁྱེར་དུ་ལུས་ནས་ས་དོང་ནང་དུ་འཚོ་གནས་བྱ་དགོས་འབྱུང་གི་འདུག སྤྱི་ཚོགས་ཀྱིས་གཏིང་བརྗེད་དུ་སོང་བའི་རྒན་རྒོན་ཚོས་གོར་གྱོང་སྐམ་པོ་ལྷུག་མ་རྣམས་བཟོས་ནས་འཚོ་བ་རོལ། ས་མཚམས་བཀག་སྡེ་འགྲིམ་འགྲུལ་བྱེད་མི་ཆོག་པ་ཞིག་ཏུ་གྱུར་དུས་ཁ་འཐོར་སྤྱི་ཚོགས་ཁག་གི་ནང་དུ་ཁ་འཐོར་སྤྱི་ཚོགས་ཁག་ཚུགས། ཁོ་མོས་རོ་སྲེག་ཁང་ཞིག་གི་ཐང་དེར་ལག་ཐོགས་ཁ་པར་རྣམས་སྤུང་གསོག་བརྒྱབ་ཡོད་པའི་འདྲ་པར་ཞིག་ལ་བལྟས་ནས་སྐྱི་གཡའ་བའི་སྐྲག་སྣང་ཞིག་མྱོང་། ལག་ཐོག་ཁ་པར་དེ་དག་གི་བདག་པོ་རྣམས་སྐད་ཅིག་གི་ངང་དུ་སྲེག་ཟའི་ཟས་སུ་གྱུར་སོང་ཞེས་བྲིས།།

ད་ལྟ་ཧྥང་ཧྥང་གིས་ཝུ་ཧན་གྲོང་ཁྱེར་གྱི་ནད་དུག་གི་འབྱུང་རྩ་སྟེ་ཧུ་ནན་མཚོ་ཟས་སྡེབ་ཚོང་ཁྲོམ་རའི་སྐོར་གྱི་རྩོམ་ཡིག་འབྲི་བཞིན་ཡོད་ཅིང་ཁོ་མོས་ཤ་ཁྲོམ་དེ་སྒོ་བརྒྱབ་པའི་རྗེས་སུའང་ཉ་རིགས་ཁག་ཅིག་ཤུལ་དུ་ལུས་ཡོད་པ་དེ་དག་ལ་དྲི་ཐལ་ཐུལ། ཤ་ཁྲོམ་དེར་ཚོང་སྟེགས་སྟོ་ཕྲག་གཅིག་ལྷག་ཡོད་པའི་ཕལ་ཆེ་བ་ནི་ཁྲིམས་མཐུན་གྱིས་སྒོ་ཕྱེ་པ་ཞིག་ཡིན་རུང་གྱོང་གུད་ཕོག་འདུག མ་འོངས་པར་ཁྲོམ་ར་དེའི་ཤུལ་འདི་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་ནམམི་ཁག་ཅིག་གིས་ཁྲོམ་ཤུལ་དེ་ཏོག་དབྱིབས་རིམས་ནད་ཀྱིས་འཆི་སྐྱོན་བྱུང་བ་ཚོར་རྗེས་དྲན་གྱི་ཚོགས་ཁང་ཞིག་ཏུ་བསྒྱུར་དགོས་ཟེར་གྱི་འདུག་ཅེས་བྲིས། ཁོ་མོས་ཏོག་དབྱིབས་རིམས་ནད་ནི་ནད་གདོན་གདུག་པ་ཅན་ཞིག་དང་འདྲ་བར་གནས་དུས་ལ་ངེས་གཏན་མེད་པར་གྲོང་ཁྱེར་དེར་ཁྱབ་ཀྱི་འདུག་ཅེས་འགྲོ་བ་མི་རྣམས་མྱོང་གོམས་དེ་ཙམ་མེད་པའི་སུན་སྣང་དང་འཇིགས་སྣང་ལ་ཞིབ་ཏུ་བརྟགས། ཁོ་མོའི་འཇིག་རྟེན་ཧྲིལ་པོ་རང་ཁྱིམ་གྲུ་བཞི་མ་ཞིག་ཏུ་གྱུར་པ་རྣམསཞིབ་ཕྲ་བཀོད།།

ཧྥང་ཧྥང་གི་བྲིས་པའི་ཝུ་ཧན་ཉིན་ཐོ་དེར་རྒྱ་ནག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་གི་ཉེན་ཚབས་ཆུང་དུ་བཏང་བ་དང་སྣང་ཆུང་བྱས་ནས་དུས་ཡུན་བདུན་ཕྲག་གསུམ་གྱི་རིང་དུ་འཛམ་གླིང་ཡོངས་ལ་ཁྱབ་ཏུ་བཅུག་པ་རྣམས་བྲིསཁོ་མོ་འགྲོ་འོང་བཀག་སྡོམ་དུས་སུ་ཉམ་ཐག་གི་ངང་དུ་འཚོ་གནས་བྱ་དགོས་བྱུང་རུང་བློ་སྟབས་ལྡན་པའི་བརྩམས་ཆོས་ཤིག་བརྩམསཁོ་མོས་རྒྱ་ནག་གི་རིག་གཞུང་ལ་འགྱུར་བ་བཏང་སྟེ་མི་ལ་ནོར་འཁྲུལ་འབྱུང་དུས་ངོས་ལེན་བྱེད་འདོད་ཡོད་པ་ཞིག་ཏུ་འགྱུར་གྱི་འདུག་ཅེས་བསྐུལ། ཧྥང་ཧྥང་གི་ཝུ་ཧན་ཉིན་ཐོ་དབྱིན་ཡིག་ཏུ་བསྒྱུར་ནས་རྒྱལ་སྤྱིའི་ཐོག་ཏུ་དགའ་མོས་དང་བརྩམས་ཆོས་སྐད་གྲགས་ཅན་ཞིག་ཏུ་གྱུར་ཀྱང་རྒྱ་ནག་གི་སྤྱི་ཚོགས་སུ་ཝུ་ཧན་ཉིན་ཐོ་ཞེས་པའི་བརྩམས་ཆོས་དེར་ལྟ་སྟངས་སྣ་ཚོགས་ཤིག་ཡོད་པ་སྟེ། རྒྱ་ནག་གི་ཝི་པའོ་དྲྭ་ལམ་དུ་ཀློག་པ་པོ་ཁག་ཅིག་གིས་ཝུ་ཧན་ཉིན་ཐོ་དབྱིན་ཡིག་ཏུ་བསྒྱུར་ནས་རྒྱ་ནག་དགྲ་ཟླར་འཛིན་མཁན་ཚོར་དགོས་ངེས་ཀྱི་མདེའུ་སྤྲད་པ་དང་གཅིག་མཚུངས་རེད་ཟེར་པའམ། ཁོ་མོ་རྒྱལ་སྤྱིའི་ཐོག་ཏུ་བདེན་པའི་ཁ་འཛིན་པ་ཞིག་རེད་ཟེར་གྱི་ཡོད་ཀྱང་རྒྱ་ནག་ལ་མཚོན་ན་ཧྥང་ཧྥང་རྒྱབ་གཏོད་པ་ཞིག་རེད་ཟེར་པ། ཡང་མི་ཁག་ཅིག་གིས་རྒྱ་ནག་ལ་ཛ་དྲག་གི་དཀའ་ངལ་འདྲི་འདྲ་ཞིག་འཕྲད་བཞིན་པའི་དུས་སུ་ཧྥང་ཧྥང་གིས་སྒེར་གྱི་ཁེ་ཕན་ལེན་གྱི་ཡོད་པ་ནི་ཐབས་རྡུགས་ཤིག་རེད་ཅེས་ཁ་རྡུང་བཏང་ནས་མཆན་བྲིས།།

རྒྱ་ནག་གཞུང་གིས་ཀྱང་རྩོམ་པ་པོ་ཧྥང་ཧྥང་གིས་བྲིས་པའི་ཝུ་ཧན་ཉིན་ཐོར་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་མེད་པ་གསལ་པོར་བསྟན། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཁོ་མོར་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་གིས་བསྔགས་བརྗོད་བྱས་ནས་སྙན་གྲགས་རྒྱས་ཀྱི་འདུག ཡིན་ནའང་རྒྱ་ནག་པ་མང་པོ་ཞིག་ལ་ཧྥང་ཧྥང་རྒྱ་ནག་དགྲར་འཛིན་གྱི་ནུབ་ཕྱོགས་པའི་ལག་ཆ་ཞིག་ཏུ་གྱུར་པ་དྲན་སྐུལ་ཐེབས་ཡོད། ཁོ་མོའི་ཉིན་ཐོ་དེར་ཝུ་ཧན་གྲོང་ཁྱེར་དུ་བྱུང་བའི་ངན་ཕྱོགས་རྣམས་ཐེར་འདོན་བྱས་ཡོད་པ་མ་གཏོགས་རྒྱལ་ཡོངས་མི་དམངས་དང་ཝུ་ཧན་མི་དམངས་ཀྱིས་དཀའ་ངལ་ཁྱད་དུ་བསད་ནས་ནད་ཡམས་ལ་སྔོན་འགོག་བྱས་ནས་གྲུབ་འབྲས་ཐོན་པ་རྣམས་འཁོད་མི་འདུག་ཅེས་དགག་པ་བརྒྱབ། རྒྱ་ནག་གཞུང་དང་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོ་རྩོམ་པ་པོ་ཧྥང་ཧྥང་གི་སྟེང་དུ་ཁོང་ཁྲོ་ཅི་ཙམ་ལངས་རུ་ཨ་མི་རི་ཀའི་ཧར་པར་ཀོ་ལིན་སི་དཔེ་སྐྲུན་ཁང་གིས་ཝུ་ཧན་ཉིན་ཐོ་དཔར་དུ་བསྐྲུན་ནས་ཡོངས་ཁྱབ་ཏུ་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG