ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཁབ་༡༠༠་ཐམ་པ་ལྷག་གིས་ཏོག་དབྱིབས་ནད་དུག་སྐོར་ཞིབ་འཇུག་བྱ་དགོས་ཟེར།


༢༠༡༩་ལོའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དང་རྒྱ་ནག་གཞུང་གིས་བསམ་བཞིན་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་ནས་དུས་ཐོག་ཏུ་འཛམ་གླིང་ཡོངས་ལ་ཉེན་བརྡ་བཏང་ཡོད་མེད། ཏོག་དབྱིབས་རིམས་ནད་འཛམ་གླིང་ཧྲིལ་པོར་ཁྱབ་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་ལ་རྩད་གཅོད་བྱ་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སྟེ། ཨོ་གླིང་རྒྱལ་ཁབ་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དང་རྒྱ་ནག་གི་འགན་འཁྲི། རིམས་ནད་དེ་ཁྱབ་གདལ་ཕྱིན་པརརྒྱ་ནག་འབྲེལ་བ་ཅི་ཙམ་ཡོད་མེད་བཅས་ལ་ཞིབ་འཇུག་བྱ་དགོས་ཞེས་གྲོས་ཆོ་ཀྱི་ཟིན་བྲིས་བཏབཡུ་རོབ་མཉམ་འབྲེལ་གྱིས་ཏོག་དབྱིབས་ནད་དུག་འདི་ཐོག་མར་རྒྱ་ནག་ནས་ཁྱབ་པརེད་ཅེས་གྲོས་ཆོད་ཀྱི་ཟིན་བྲིས་སུ་བཀོད། ཡིན་ནའང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆེན་ལ་འབུལ་རྒྱུའི་གྲོས་ཆོཀྱི་ཟིན་བྲིས་ངོ་མ་དེར་རྒྱལ་ཁབ་བྱེ་བྲག་པ་ཞིག་གི་མིང་དངོས་སུ་མ་བཏོན་པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་༢༠༡༩་ལོའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་ལརྒྱལ་ཁབ་ཚང་མས་མཉམ་འབྲེལ་ཇི་ལྟར་བྱས་ཡོད་མེད་སོགས་ྲང་སྙོམས་དང་ཞིབ་ཕྲ། རང་བཙན་གྱི་སྒོ་ནས་བསྐྱར་ཞིབ་བྱེད་དུ་འཇུག་དགོས་ཞེས་བཀོད། དེར་བརྟེན་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་གྲོས་ཆོད་ཀྱི་ཟིན་བྲིས་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲོས་ཆོད་ཟིན་བྲིས་ནང་དུ་རྒྱལ་ཁབ་བྱེ་བྲག་པ་ཞིག་གི་མིང་དངོས་སུ་མ་བཏོན་པ་ནི་རྒྱ་ནག་གི་མཐུན་གྲོགས་གཙོ་བོ་ཨུ་རུ་སུ་ལྟ་བུའི་རྒྱལ་ཁབ་མང་དག་ཅིག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲོས་ཆོད་དེར་རྒྱབ་སྐྱོར་བྱ་རྒྱུའི་ཆེད་དུ་ཡིན་པ་རེད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲོས་ཆོཟིན་བྲིས་དེར་རྒྱ་ནག་ཅེས་དངོས་སུ་མིང་འདོན་བྱས་མེད་ཀྱང་རྒྱ་ནག་ལ་གཏན་ནས་ཞིབ་འཇུག་བྱ་མི་སྲིད་པ་ཞིག་མིན། ད་སྔ་གྲོས་ཆོད་ཀྱི་ིན་བྲིས་དེར་རྒྱལ་ཁབ་བྱེ་བྲག་པ་ཞིག་གིས་རིམས་ནད་སྔོན་འགོག་ཇི་ལྟར་བྱས་མིན་ལ་རང་བཙན་གྱི་ཚོགས་ཆུང་ཞིག་གིས་ཞིབ་འཇུག་བྱ་དགོས་ཞེས་འཁོད། འོན་ཀྱང་ཏོག་དབྱིབས་རིམས་ནད་འདི་འཛམ་གླིང་ཡོངས་སུ་ཁྱབ་དོན་ལ་ཞིབ་འཇུག་བྱེད་ན་རྒྱ་ནག་ལའང་ཞིབ་འཇུག་བྱ་སྲིད་པའི་ཉེན་ཁ་ཡོད་པས་རྒྱ་ནག་གི་འགོ་ཁྲིད་ཚོ་བློ་བདེ་བག་ཕེབས་སུ་གནས་ཐུབ་པ་ཞིག་མ་རེད་ཅེས་ཉམས་ཞིབ་པ་ཚོས་བཤད་འདུག ཨོ་གླིང་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་ཚོས་རྒྱལ་ཁབ་དེའི་རླུང་འཕྲིན་ཁང་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲོས་ཆོདཀྱི་ིན་བྲིས་ནང་དུ་རྗོད་ཚིག་ནན་པོ་འཁོད་ཡོད། ཞིབ་འཇུག་བྱ་དགོས་པ་ཞིག་ཏུ་འགྱུར་རྒྱུ་ཉག་ཅིག་ཡིན་ཞེས་བཤད། རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འགོ་ཁྲིད་པའི་ཞིབ་འཇུག་གི་རིགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། དེ་མིན་གྱི་ཞིབ་འཇུག་གཞན་ཁག་ལ་རྒྱབ་སྐྱོར་དང་མཉམ་འབྲེལ་བྱ་རྒྱུ་མིན་ཞེས་བསྒྲགས། དེང་སྐབས་འཛམ་གླིང་ཡོངས་སུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནི་ྒྱ་ནག་གི་སྲི་ཞུ་ཁང་ལྟ་བུ་ཞིག་ལ་གྱུར་འདུག་ཅེས་ཁ་རྡུང་དྲག་པོ་ཕོག དེ་རིང་ཕྱི་ཟླ་༥་པའི་ཚེས་༡༨་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དང་ཁྱབ་གདལ་འགྲོ་སྟངས་བཅས་ལ་ཞིབ་འཇུག་བྱ་རྒྱུ་སྔ་དྲགས་པ་རེད། ད་དུང་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འཇོམས་མེད་པའི་ངོས་འཛིན་བྱེད་ཀྱི་འདུག་ཅེས་བསྒྲགས།།

བདུན་ཕྲག་སྔོན་མར་དབྱིན་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ལིའུ་ཞའོ་མིང་གིས་ང་ཚོ་ཕྱི་གསལ་ནང་གསལ་ཡིན། ང་ཚོར་སྦ་གསང་བྱ་རྒྱུ་ཅི་ཡང་མེད། ང་ཚོ་སྐྲག་དགོས་ས་ཅི་ཡང་མེད། ང་ཚོས་རྒྱལ་སྤྱིའི་རང་བཙན་གྱི་ཚོགས་ཆུང་ཞིག་གིས་ཞིབ་འཇུག་བྱ་རྒྱུ་དེར་དགའ་བསུ་ཡོད། ཡིན་ནའང་ཞིབ་འཇུག་གི་ལས་དོན་དེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གོ་སྒྲིག་བྱ་དགོས་ཞེས་བཤད། ད་ལྟ་རྒྱལ་ཁབ་ཕལ་ཆེ་བས་ཡུ་རོབ་མཉམ་འབྲེལ་གྱིས་བཀོད་པའི་གྲོས་ཆོད་ཀྱི་ཟིན་བྲིས་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་རྒྱ་ནག་གི་འདོད་པ་ལྟར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་སྟངསལ་ཞིབ་འཇུག་བྱ་རྒྱུ་བསྒྲུབ་དཀའ་བ་ཞིག་ཏུ་འགྱུར་སྲིད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་ཚེ། རྒྱ་ནག་ལ་ཕྱོགས་གང་ཐད་དུ་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་ཞིང་། ཨ་མི་རི་ཀ་གཙོ་བོར་གྱུར་པའི་རྒྱལ་ཁབ་ཁག་ཅིག་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་ལན་ཁག་རྒྱ་ནག་ལ་ཡོད་ཅེས་སྐྱོན་བཙུགས། རྒྱ་ནག་གིས་ང་ཚོར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་བའི་ལན་ཁག་མེད། ང་ཚོས་ཕྱི་ཟླ་༡༢་པ་ནས་ཝུ་ཧན་གྲོང་ཁྱེར་ལ་གློ་ཚད་ལྟ་བུའི་ནད་ཡམས་ཤིག་ཁྱབ་ཀྱི་འདུག་ཅེས་འཛམ་གླིང་འཕྲོད་བསྟེན་སྒྲོག་འཛུགས་ལ་སྙན་སེང་ཞུས་ཡོད། རྒྱ་ནག་གི་ལས་དོན་སྒྲུབ་ཕྱོགས་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊེ་ཌི་རོ་སིས་བསྔགས་བརྗོད་གནང་སོང་ཞེས་སྒྲུབ་བྱེད་འགོད་ཀྱི་ཡོད་པ་རེད།།


ཁ་སྔོན་གཟའ་སྤེན་པའི་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་རྒྱ་ནག་གཞུང་གི་མཐོ་རིམ་སློབ་སྟོན་པ་སྨན་པ་ཀྲུང་ནན་ཧྲན་ལ་བཅར་འདྲི་ཞུས། སྨན་པ་ཀྲུང་ནན་ཧྲན་གྱིས་སྲིད་འཛིན་ཞིས་ཅིན་ཕིང་གཙོས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་ཝུ་ཧན་ལ་འགོས་ནད་ཅིག་ཁྱབ་ཀྱི་ཡོད་པ་དང་ས་གནས་དེའི་གཞུང་གིས་རིམས་ནད་ཀྱི་ཉེན་ཚབས་ལ་སྣང་ཆུང་གཏོང་གི་ཡོད་པ། ཝུ་ཧན་ལ་ནད་ཡམས་ཤིག་ཁྱབ་ཀྱི་འདུག་ཅེས་ཉེན་བརྡ་གཏོང་མཁན་སྨན་པ་ཚོར་ཉེན་རྟོག་པས་ཁ་འགོག་གི་ཡོད་པ་རྣམས་ཤེས་རྟོགས་བྱུང་ཡོད་པ་རེད། སྐབས་དེར་ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཚོར་གནས་ཚུལ་བདེན་པ་བཤད་འདོད་མེད་པས་ཐོག་མར་ཅི་ཡང་མ་བཤད་པར་བསྡད། དེ་ནས་མི་མང་པོ་ཞིག་ལ་ནད་དུག་བགོས་ནས་ཕྱི་རྒྱལ་ལའང་ཁྱབ་འགོ་ཚུགས་ཀྱང་ཝུ་ཧན་གྲོང་ཁྱེར་གཞུང་གིས་ཉི་མ་བཅུའི་རིང་ལ་ནད་པ་༤༡་ལས་མེད་ཅེས་ཁྱབ་བསྒྲགས་བྱས་ནས་ཨུ་ཚུགས་བརྒྱབ་པ་རེད། ང་དེ་ལ་ཡིད་མ་ཆེས་པར་ཝུ་ཧན་གྲོང་ཁྱེར་གཞུང་གི་འགོ་ཁྲིད་ཚོར་ནད་པའི་གྲངས་འབོར་ངོ་མ་དེ་བཤད་དགོས་ཞེས་ནན་སྐུལ་ལན་མང་བྱས་པ་ཡིན། ཁོ་ཚོ་ངའི་དྲི་བ་དེ་ཚོར་དགའ་མོས་བྱུང་མ་སོང་ཞེས་ལན་ཁག་ཐམས་ཅད་ཝུ་ཧན་གྲོང་ཁྱེར་གྱི་འགོ་ཁྲིད་ཚོའི་སྟེང་དུ་གཡུགས། རྒྱ་ནག་དབུས་གཞུང་དང་ཝུ་ཧན་གྲོང་ཁྱེར་གཞུང་གཉིས་ཀྱི་སུ་ཞིག་གིས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་ཀྱང་ཁྱད་པར་མེད། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་བསམ་བཞིན་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་པ་རེད་ཅེས་སྐྱོན་བརྗོད་བྱ་རྒྱུ་འགོག་དཀའ། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཁག་ཅིག་གིས་ཏོག་དབྱིབས་རིམས་ནད་ལ་རྒྱ་ནག་གི་ནད་དུག་ཅེས་མིང་བཏགས་པར་མ་ཟད། འཛམ་གླིང་ཡོངས་ལ་ཚབས་ཆེའི་འགོས་ནད་འདི་འདྲ་ཞིག་ཁྱབ་གདལ་བཏང་བའི་ལན་ཁག་རྒྱ་ནག་ལ་ཡོད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།།

སྨན་པ་ཀྲུང་ནན་ཧྲན་གྱིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་བཅར་འདྲིའི་སྐབས་སུ་མུ་མཐུད་དུ་བརྗོད་པ་ལྟར་ན། ད་ལྟ་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པ་འཇོམས་ཡོད་པ་དང་རྒྱ་ནག་མི་དམངས་ཀྱི་རྒྱུན་ལྡན་འཚོ་བའང་སླར་གསོ་བྱེད་ཐུབ་ཡོད། རྒྱ་ནག་གཞུང་དང་འཕྲོད་བསྟེན་ལྷན་ཁང་གིས་གདོང་ལེན་བྱ་དགོས་པའི་གནས་ཚུལ་ཚབས་ཆེན་ཞིག་ནི་ཏོག་དབྱིབས་རིམས་ནད་རྒྱ་ནག་ལ་བསྐྱར་ལོག་རྒྱག་སྲིད་པ་དེར་སྔོན་འགོག་ཇི་ལྟ་བྱ་དགོས་མིན་ཡིན། ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་ཅིག་གསར་བཟོ་བྱེད་མ་ཐུབཔའི་བར་དུ་རྒྱ་ནག་མི་དམངས་ལ་ནད་དུག་འགོ་ཉེན་ཆེ། ངས་བལྟས་ན་ད་ལྟའི་དུས་སུའང་རྒྱ་ནག་འཛམ་གླིང་རྒྱལ་ཁབ་ཁག་ལས་ཉེན་ཚབས་ཆུང་བ་གང་ཡང་མི་འདུག་ཅེས་བཤད། སྨན་པ་ཀྲུང་ནན་ཧྲན་གྱིས་ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ་སོགས་ཀྱིས་ཏོག་དབྱིབས་རིམས་ནད་ཀྱི་ཉེན་ཚབས་ལ་སྣང་ཆུང་བཏང་སོང་། ཁོ་ཚོས་དེ་ནི་དགུན་དུས་ཀྱི་ཆམ་རིམས་ལྟ་བ་ཞིག་ལ་བརྩིས་པ་ནོར་འཁྲུལ་རེད། ད་ལྟ་འཛམ་གླིང་གི་ཚན་རིག་པ་ཚོས་དམིགས་པ་གཏོད་ས་གཙོ་བོ་ནི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཅིག་གསར་བཟོ་བྱ་རྒྱུ་དེ་རེད། ང་ཚོས་འགོག་ཁབ་སྣ་མང་ཞིག་ལ་ཚོད་ལྟ་ཡང་ནས་ཡང་དུ་བྱས་པ་ཡིན། འགོག་ཁབ་འདི་འདྲ་ཞིག་གིས་ཏོག་དབྱིབས་ནད་དུག་འཇོམས་ཐུབ་ཀྱི་འདུག་ཅེས་བཤད་རྒྱུ་སྔ་དྲགས་འདུག་ཅེས་བཤད་པ་དེ་ལ་བལྟས་ཚེ། འཛམ་གླིང་ཡོངས་སུ་ཁྱབ་བཞིན་པའི་ཏོག་དབྱིབས་རིམས་ནད་འདིར་འགོག་ཁབ་ཅིག་བཟོ་ཐུབ་ཀྱི་མེད་པ་མཚོན་ཐུབ། ད་ལྟའི་བར་དུ་གོ་ལའི་ཁྱོན་འདིར་ཏོག་དབྱིབས་ནད་དུག་གིས་མི་༣༡༠༠༠༠ལྷག་ལ་འཆི་སྐྱོན་དང་མི་༤༧༠༠༠༠༠་ལྷག་ལ་ནད་དུག་འགོས། ཨ་མི་རི་ཀ་གཅིག་པུར་མི་༩༠༠༠༠་མ་ཟིན་ཞིག་ལ་འཆི་སྐྱོན་དང་མི་༡༤༠༠༠༠༠་ལྷག་ལ་ནད་དུག་འགོས་ཡོད་པ་རེད།།

XS
SM
MD
LG