ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

ཇོ་མོ་གླང་མའི་གངས་རུད་འོག་རྐྱེན་འདས་སུ་གྱུར་པ་རྣམས་ལ་མྱ་ངན་བྱེད་ཀྱི་ཡོད་པ།


ཇོ་མོ་གླང་མའི་རི་རྩེར་གངས་རུད་བྱུང་སྟེ། ལམ་ཁྲིད་པ་ཤར་པ་མི་གྲངས་ ༡༦་ལ་སྲོག་སྐྱོན་བྱུང་བ་རྣམས་ལ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་གི་ཤར་པའི་ སྤྱི་ཚོགས་ཀྱིས་མྱ་ངན་མུ་མཐུད་དེ་བྱེད་བཞིན་ཡོད་པ་དང་། སྲོག་སྐྱོན་བྱུང་བའི་ ཤར་པ་མི་གྲངས་༡༣གྱི་ཕུང་པོ་རྙེད་སོན་བྱུང་ཡོད་ཀྱང་། གཞན་གསུམ་གྱི་ཕུང་ པོ་འཛམ་གླིང་གི་གངས་རི་མཐོ་ཤོས་ཀྱི་རི་རྩེའི་འཁྱགས་རོམ་གྱི་ནང་ཐིམས་ཏེ་ རྙེད་སོན་བྱུང་མེད་པ་རེད། ཕྱི་ཟླ་བཞི་པའི་ཚེས་༡༨ཉིན་བྱུང་བའི་གངས་རུད་ ཀྱིས་རྐྱེན་པས། གཟའ་འཁོར་འགའ་ཞིག་གི་མཇུག་ཏུ། ནུབ་ཕྱོགས་པའི་རི་ འཛེགས་པ་རྣམས་ཀྱིས་བེད་སྤྱོད་བྱ་རྒྱུའི་ཆེད་དུ། ལམ་རྒྱུས་གྲ་སྒྲིག་བྱེད་བཞིན་ ཡོད་པའི་ཤར་པ་མི་གྲངས་༡༦ལ་སྲོག་སྐྱོན་བྱུང་ཡོད་པ་བཅས་ཀྱི་སྐོར་འདི་ག་ རླུང་འཕྲིན་ཁང་གི་གསར་འགོད་པས། བལ་ཡུལ་གྱི་ཕྱི་ཕྱོགས་ཀྱི་ཤར་པའི་སྡེ་ཚོགས་ཆེ་ཤོས་གནས་ཡུལ་གྲོང་ཁྱེར་ནེའུ་ཡོག་ནས་སྤེལ་བའི་གནས་ཚུལ་ཞིག་བྱང་ཆུབ་སྒྲོལ་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་པ་ཞིག་ གསན་གྱི་རེད།
XS
SM
MD
LG