ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༣/༡༢/༠༨

ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གི་ཚོང་དོན་གྲོས་ཆོད་ཕྱིར་འཐེན།


༄༅།། ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ཟླ་༥་པའི་ཚེས་༢༠་སྟེ། རེས་གཟའ་ཕུར་བུའི་ཉིན་དེ་སྔོན་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གིས་བཞག་པའི་ཚོང་དོན་གྲོས་ཆོད་དེ་ཕྱིར་འཐེན་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་ཅིང་། ཡུ་རོབ་གྲོས་ཚོགས་ཀྱིས་གྲོས་ཆོད་དེ་ཕྱིར་འཐེན་མ་བྱས་སྔོན་དེར་ཞིན་ཅང་གི་གནད་དོན་གླེང་སློང་བྱས་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ལ་རྒྱ་ནག་གིས་ཉེས་ཆད་བཅད་པ་རྣམས་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་འདུག ད་ཐེངས་ཀྱི་གྲོས་ཆོད་ཕྱིར་འཐེན་བྱ་རྒྱུ་དེར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་༥༩༩་ཡིས་རྒྱབ་སྐྱོར་དང་འཐུས་མི་༣༠་ཐམ་པས་རྒྱབ་སྐྱོར་མ་བྱས་པ། དེ་བཞིན་འཐུས་མི་༥༨་ཀྱིས་འོས་ཤོག་འཕངས་མེད་ཀྱང་མཐའ་མཇུག་མང་མོས་ཀྱིས་གྲོས་ཆོད་དེ་ཕྱིར་འཐེན་བྱ་རྒྱུར་གྲོས་འཆམ་བྱུང་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG