ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨེ་ནེ་སི་ཁན་ཊར་གྱིས་རྒྱ་ནག་གི་རྩེ་མོ་བ་གྲགས་ཅན་ཕེང་ཧྲུའི་ལ་རྒྱབ་སྐྱོར།


༄༅།། ཨ་རིའི་ལག་རྩེད་སྤོ་ལོ་རྩེད་འགྲན་པ་ཨེ་ནེ་སི་ཁན་ཊར་གྱིས་རྒྱ་ནག་གི་དྲྭ་གྲུག་རྩེ་མོ་བ་གྲགས་ཅན་ཕེང་ཧྲུའི་ལ་རྒྱབ་སྐྱོར་དང་ཕེང་ཧྲུའི་གང་དུ་ཡོད་མེད་རྒྱ་ནག་གཞུང་གིས་གསལ་བཤད་བྱ་དགོས་ཞེས་རྩོམ་ཡིག་བྲིས་ཡོད་པར་མ་ཟད། ཁོང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ངེས་པར་དུ་ཕེང་ཧྲུའི་བདེ་སྡུག་ལ་ཐུགས་ཁུར་བཞེས་དགོས། ༢༠༢༢་ལོར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་འཆར་ཡོད་པ་རྒྱལ་ཁབ་གཞན་ལ་སྤོར་དགོས་ཞེས་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ལ་ནན་བརྗོད་བྱས་འདུག་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།


XS
SM
MD
LG