ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་སྒོ་བརྒྱབ་པར་བློ་ཕམ།


༄༅།། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་ལག་ལེན་བསྟར་ནས་ཕྱི་ཟླ་༦་པའི་ཚེས་༢༤་སྟེ། རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་དངོས་སུ་སྒོ་བརྒྱབ་སྟེ་དཔར་འགྲེམ་བྱ་རྒྱུ་མཚམས་བཞག་པར་ཧོང་ཀོང་མི་དམངས་ཀྱིས་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། འདས་པའི་ལོ་༢༦་གི་རིང་ལ་ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་ཧོང་ཀོང་གི་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་དར་སྤེལ་གཏོང་བའི་གསར་འགྱུར་སྤེལ། གཟའ་འཁོར་སྔོན་མར་ཧོང་ཀོང་གཞུང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་ལྔ་དང་སྤྱི་ཁྱབ་འགན་འཛིན་རྣམས་འཛིན་བཟུང་། ཚགས་པར་ལས་ཁུངས་དེའི་མ་དངུལ་ཨ་སྒོར་ས་ཡ་༢་ལྷག་འགོག་ཉར་བྱས་ནས་ཀུ་ཤུ་ཚགས་པར་ལས་ཁུངས་སྒོ་རྒྱག་དགོས་ཐུག་ཡོད་པ་བཅས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG