ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྤྱི་འཐུས་ཚོཊ་གཙོ་གཞོན་པ་ཚོཊ་གཞོན་གྱི་ལས་གནས་ནས་དགོངས་པ་ཞུས་པ།


Tibetan Parliament in Exile Approve 2021-2022 Budget of CTA
Tibetan Parliament in Exile Approve 2021-2022 Budget of CTA

༄༅།། ཕྱི་ཟླ་༥་པའི་ཚེས་༢༧་ཉིན་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་རྒྱུན་ལས་ནས་དགོངས་པ་ཞུས་པའི་སྙན་ཞུ་ཁག་ཅིག་མཐོང་རྒྱུ་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨ་ཅྱ་ཡེ་ས་ཕུན་ཚོགས་ཀྱང་སྤྱི་འཐུས་ཚོགས་གཞོན་གྱི་མཚན་གནས་ནས་དགོངས་པ་ཞུས་འདུག ཉེ་ཆར་སྤྱི་འཐུས་ཚོགས་གཙོ་རྩ་དགོངས་ཞུ་པ་དང་ད་ལྟ་ཚོགས་གཞོན་གྱིས་ཀྱང་ཚོགས་གཙོ་གཞོན་པའི་མཚན་གནས་ནས་དགོངས་པ་ཞུས་ཡོད་པས་སྤྱི་འཐུས་རྒྱུན་ལས་ཚོར་སྣེ་ཁྲིད་དང་ཐུགས་འགན་བཞེས་མཁན་མེད་པར་རྒྱུན་ལས་ཁག་ཅིག་གིས་དགོངས་པ་ཞུས་པ་ཡིན་ཞེས་བཀོད། གསར་འགོད་པས་ཚོགས་གཙོ་གཞོན་པར་ཨ་ཅྱ་ཡེ་ཤེས་ཕུན་ཚོགས་ལ་ཞལ་པར་བརྒྱུད་ནས་དགོངས་པ་ཞུ་དོན་ཅི་ཡིན་འདྲི་རྩད་ཞུས་པར་ཁོང་གིས་སྐབས་བཅུ་དྲུག་པའི་རྒྱུན་ལས་དང་སྤྱི་འཐུས་ལ་མུ་མཐུད་དུ་བཞུགས་འཆར་ཡོད། ཚོགས་གཞོན་གྱི་ལས་གནས་ནས་དགོངས་པ་ཞུས་པ་ཡིན་ཞེས་ལན་འདེབས་བྱས་འདུག

སྐབས་བཅུ་དྲུག་པའི་གྲོས་ཚོགས་གྲོལ་བར་ཉིན་གསུམ་ལས་མེད་པའི་མཚམས་འདིར་ཚོགས་གཙོ་གཞོན་པ་ཨ་ཅྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ཚོགས་གཞོན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་པས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལ་སྣེ་ཁྲིད་གནང་མཁན་མེད་པར་མ་ཟད། གཟའ་ཕུར་བུའི་ཉིན་སྤྱི་འཐུས་གཞན་པ་བདུན་གྱིས་ཀྱང་གཅིག་རྗེས་གཉིས་མཐུད་དུ་རྒྱུན་ལས་ནས་དགོངས་པ་ཞུས་ཤིང་། ཁོང་ཚོར་འབྲེལ་བྱས་ནས་དགོངས་པ་དོན་ཅི་ཡིན་འདྲི་རྩད་བྱ་ཐབས་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་། སྤྱི་འཐུས་ཚོགས་གཞོན་གྱིས་རང་གི་ལས་གནས་ནས་དགོངས་པ་ཞུས་པའི་སྟབས་ཀྱིས་སྤྱི་འཐུས་རྒྱུན་ལས་བདུན་གྱིས་དགོངས་པ་ཞུས། ད་ལྟ་བོད་མི་མང་སྤྱི་འཐུས་ལ་རྒྱུན་ལས་བཞི་ལས་མེད་པར་གྱུར་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༩་པའི་ནང་གསེས་དང་པོར་རྒྱུན་ལས་ཀྱི་ཉུང་ཚད་རྩ་འབོར་གྱི་གསུམ་ཆ་གཉིས་ཡིན་པའི་རྐྱེན་གྱིས་རྒྱུན་ལས་ཀྱི་ལས་དོན་འཕྲོ་ཅན་རྣམས་འགགས་ནས་སྒྲུབ་ཐུབ་ཀྱི་མེད་པ་དང་སྐབས་བཅུ་བདུན་པའི་གྲོས་ཚོགས་སྐོང་ཐུབ་མིན་ཡང་ཐེ་ཚོམ་གྱི་གནས་སུ་གྱུར་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG