ངོ་འཕྲད་བདེ་བའི་དྲ་འབྲེལ།

༢༠༢༡་ལོའི་ཁཱོ་པན་ཧཱེ་གྷན་འཛམ་གླིང་གི་དམངས་གཙོའི་ལྷན་ཚོགས།


༄༅།། ཡུ་རོབ་རྒྱལ་ཁབ་ཌན་མག་གི་རྒྱལ་ས་ཁཱོ་པན་ཧཱེ་གྷན་དུ་༢༠༢༡་ལོའི་འཛམ་གླིང་གི་དམངས་གཙོའི་ལྷན་ཚོགས་དེ་དྲྭ་ལམ་དུ་ཚོགས་བཞིན་ཡོད་ཅིང་། ཚོགས་ཆེན་དེར་ཐེ་ཝན་གྱི་སྲིད་འཛིན་གདན་འདྲེན་ཞུས་ཡོད་པས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཀྱང་ཌན་མག་གི་ཕྱི་སྲིད་བློན་ཆེན་གྱིས་ཚོགས་ཆེན་དབུ་འཛུགས་དེར་དམངས་གཙོའི་རིན་ཐང་སྲུང་སྐྱོབ་ལ་འཛམ་གླིང་ཧྲིལ་པོ་དཔུང་པ་མཉམ་འབྲེལ་བྱ་རྒྱུ་གལ་ཆེན་ཡིན་ཞེས་ལན་འདེབས་བྱས་པར་མ་ཟད། ༢༠༠༩་ལོར་སྐབས་དེའི་ཌན་མག་གི་སྲིད་བློན་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་སྟེ་རྒྱ་ནག་དང་ཌན་མག་གི་འབྲེལ་བ་ཇེ་སྡུག་ཕྱིན་ཡོད་པར་སླར་ཡང་དོ་ཕོག་གསར་པ་ཞིག་བྱུང་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་ཕྱོགས་བསྒྲིགས་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG