ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༤/༡༦
བོད།
༧གོང་ས་མཆོག་གིས་ཀ་མ་ལ་ཧེ་རི་སི་ལ་རྟེན་འབྲེལ་ཞུས་པ།
༢༥།༠༡།༢༠༢༡
༧གོང་ས་མཆོག་གིས་ཀ་མ་ལ་ཧེ་རི་སི་ལ་རྟེན་འབྲེལ་ཞུས་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཉེ་ཆར་ཨ་རིའི་སྲིད་འཛིན་གཞོན་པའི་མཛད་ཁུར་བཞེས་པའི་ཀ་མ་ལ་ཧེ་རི་སི་ལ་རྟེན་འབྲེལ་ཞུ་བའི་གསུང་འཕྲིན་ཞིག་སྩལ་འདུག ཀ་མ་ལ་ཧེ་རི་སི་ནི་ཨ་རིའི་བུད་མེད་ཅིག་སྲིད་འཛིན་གཞོན་པ་འདེམས་ཐོན་བྱུང་བ་ཐེངས་དང་པོ་ཡིན་པར་མ་ཟད། མི་རིགས་ནག་པོ་དང་རྒྱ་གར་བའི་མི་རྒྱུད་ཅིག་ཨ་མི་རི་ཀའི་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བ་ཐེངས་དང་པོ་ཡིན་ཞིང་། དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་མཆོག་གི་གསུང་འཕྲིན་དེར་ཀ་མ་ལ་ཧེ་རི་སི་སྲིད་འཛིན་གཞོན་པར་འདེམས་ཐོན་བྱུང་བ་ནི་ཨ་མི་རི་ཀ་གཅིག་པུ་མིན་པར་འཛམག་གླིང་ཡོངས་ལ་མིག་དཔེར་འོས་པ་ཞིག་ཏུ་གྱུར་སོང་ཞེས་འཁོད་ཡོད་པའི་འགྲེལ་བརྗོད་གནང་འདུག
༧གོང་ས་མཆོག་གི་གསུང་འཕྲིན་དེར་བུད་མེད་ལ་བྱམས་བརྩེ་དང་ཚོར་ཤེས་ཀྱི་ནུས་པ་ཆེ་བ་འདུག འདི་ནི་༧གོང་ས་མཆོག་གང་ཉིད་ཀྱི་རྒྱལ་ཡུམ་ཆེན་མོའི་ཐུགས་གཤིས་ལས་མཁྱེན་རྟོགས་བྱུང་སོང་ཞེས་ལུང་འདྲེན་མཛད་ཡོད་ཅིང་། འཛམ་གླིང་འདི་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་ལ་འགྱུར་བར་བུད་མེད་ཀྱི་འགོ་ཁྲིད་མང་ཙམ་ཕེབས་ཐུབ་པའི་ཐུགས་རེ་འཆང་བཞིན་ཡོད་ཅེས་བཀོད། ཁ་སྔོན་༧གོང་ས་མཆོག་གིས་སྲིད་འཛིན་ཇཱོ་བྷ་ཌན་ལ་རྟེན་འབྲེལ་ཞུ་བའི་གསུང་འཕྲིན་སྩལ་བ་ལྟར་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་ལ་སྩལ་བའི་གསུང་འཕྲིན་ནང་དུའང་མགོན་པོ་གང་ཉིད་ཀྱིས་རྟག་ཏུ་ཨ་རིའི་རང་དབང་དང་དམངས་གཙོ། ཆོས་དད་རང་དབང་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་བཅས་ལ་མོས་པ་ཆེན་པོ་ཡོད། ཀ་མ་ལ་ཧེ་རི་སི་ཡིས་ཨ་རིའི་སྲིད་འཛིན་གཞོན་པ་༤༩་པའི་མཛད་ཁུར་བཞེས་པའི་རིང་ལ་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུག
ཀ་མ་ལ་ཧེ་རི་སི་ནི་ཨ་རིའི་ཁེ་ལི་ཧྥོ་ཎི་ཡ་མངའ་ཁུལ་དུ་སྐྱེས་ཤིང་། ཁོང་གི་ཨ་མ་༡༩༥༨་ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་ཏ་མཱིལ་ན་དྷུ་མངའ་སྡེ་ནས་ཨ་རིར་སློབ་གཉེར་དུ་སླེབས་པ་དང་ཁོང་གི་ཨ་ཕ་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཇཱ་མཱེ་ཁ་ནས་ཨ་མི་རི་ཀར་སློབ་སྦྱོང་དུ་ཡོང་བའི་ཕྱི་མི་གཞིས་ཆགས་པ་ཞིག་ཡིན་འདུག ཀ་མ་ལ་ཧེ་རི་སི་སྲིད་འཛིན་གཞོན་པར་འདེམས་ཐོན་བྱུང་སྟེ་ལས་ཁུར་བཞེས་པའི་ཉིན་དེར་རྒྱ་གར་གྱི་སྲིད་བློན་མོ་དྷིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དུས་སྐབས་ཞེས་རྟེན་འབྲེལ་ཞུས། རྒྱ་གར་གྱི་ཏ་མཱིལ་ན་དྷུ་གཙོས་ས་གནས་ཁག་ཏུ་ཤོག་སྦག་བརྒྱབ་ནས་དགའ་སྟོན་བྱས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།
Embed
share
༧གོང་ས་མཆོག་གིས་ཀ་མ་ལ་ཧེ་རི་སི་ལ་རྟེན་འབྲེལ་ཞུས་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:06:13
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
This item is part of
བོད།
༧གོང་ས་མཆོག
འབྲེལ་ཡོད།
ཨ་རིའི་བོད་དོན་ཁྲིམས་ཡིག་གིས་རྒྱ་ནག་ལ་ཁ་གཏད་བཅག་པ།
༧གོང་ས་མཆོག་གིས་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་རྟེན་འབྲེལ་ཞུས་པ།
XS
SM
MD
LG