ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༢/༠༦
བོད།
༧གོང་ས་མཆོག་གིས་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་རྟེན་འབྲེལ་ཞུས་པ།
༢༡།༠༡།༢༠༢༡
༧གོང་ས་མཆོག་གིས་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་རྟེན་འབྲེལ་ཞུས་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Joe Biden with the Dalai Lama 2003
Embed
share
༧གོང་ས་མཆོག་གིས་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་རྟེན་འབྲེལ་ཞུས་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:06:29
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
༄༅།། ཁ་སང་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཨ་རིའི་སྲིད་འཛིན་༤༦་པ་ཇཱོ་བྷ་ཌན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་རྣམ་གཉིས་ཀྱིས་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ཚོགས་ཡོད་ཅིང་། ད་ནངས་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་མི་དམངས་སྤྱི་འཐུས་ལྷན་ཁང་བཅས་ཀྱིས་ཨ་རིའི་སྲིད་འཛིན་གསར་པ་གཙོ་གཞོན་གཉིས་ལ་ལས་དོན་ཐམས་ཅད་གེགས་མེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་དང་རྟེན་འབྲེལ་ཞུས་འདུག
སྲིད་འཛིན་བྷ་ཌན་གྱིས་ལས་ཁུར་བཞེས་པའི་ཉིན་དང་པོ་དེར་ཨ་མི་རི་ཀ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་བཀག་སྡོམ་གྱི་རྒྱལ་སྤྱིའི་གྲོས་མཐུན་ཁོངས་སུ་བསྐྱར་ཞུགས་བྱ་རྒྱུའི་མཚན་བཀོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གཞུང་ཚབ་པ་བརྒྱུད་ནས་ཇཱོ་བྷ་ཌན་གྱིས་ཨ་རི་རྒྱལ་སྤྱིའི་གྲོས་མཐུན་དེའི་ཁོངས་སུ་བསྐྱར་ཞུགས་གནང་རྒྱུའི་མཚན་རྟགས་བཀོད་པར་བསྔགས་བརྗོད་ཆེན་པོ་ཡོད། སའི་གོ་ལའི་ཚ་དྲོད་རྒྱས་ཀྱི་ཡོད་པའི་གནད་དོན་ནི་འགྲོ་བ་མིའི་འཚོ་གནས་ལ་ཐད་ཀར་འབྲེལ་བ་ཡོད་པར་མ་ཟད། ཛ་དྲག་གི་གནད་དོན་ཞིག་ཀྱང་རེད་ཅེས་དྲན་སྐུལ་གནང་སོང་ཞེས་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་ཞལ་པར་ཐོག་ཏུ་འགྲེལ་བརྗོད་གནང་སོང་།།
དགའ་ལྡན་ཕོ་བྲང་གི་དྲུང་ཆེན་མོ་འཆི་མེད་རིག་འཛིན་གྱིས་མུ་མཐུད་དུ་གསུངས་པ་ལྟར་ན། ༧གོང་ས་མཆོག་གི་གསུང་འཕྲིན་དེར་ཨ་མི་རི་ཀས་རང་དབང་དང་དམངས་གཙོ། ཆོས་དད་རང་དབང་དང་ཁྲིམས་སྐྱོང་ལམ་ལུགས་བཅས་པ་གལ་ཆེན་དུ་བརྩིས་ནས་རྒྱལ་ཁབ་འཛིན་སྐྱོང་གནང་གི་ཡོད་པར་ངོས་ནས་སྔ་མོ་ནས་ཡིད་སྨོན་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། འཛམ་གླིང་ཡོངས་ཀྱིས་ཨ་རིའི་དམངས་གཙོའི་ཕུག་བསམ་དང་དབུ་ཁྲིད་ཀྱི་ནུས་པར་རེ་ལྟོས་འཆང་བཞིན་ཡོད་པས་དཀའ་ངལ་ཆེ་བའི་དུས་སྐབས་འདིར་སྐུ་ཞབས་བྷ་ཌན་གྱིས་འཛམ་གླིང་གི་དབུལ་ཕོངས་དང་ནད་མནར། དེ་བཞིན་འཚེ་བའི་དཀའ་སྡུག་མྱོང་མཁན་ཚོར་རོགས་སྐྱོབ་མཛད་དེ་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ལས་དོན་བསྒྲུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་འཁོད་འདུག དོན་ཚན་དེ་རྣམས་ཧ་ཅང་གི་གནད་འགག་ཆེན་པོ་ཤ་སྟག་རེད། དེ་རིང་གི་གསུང་འཕྲིན་འདི་བརྒྱུད་ནས་༧གོང་ས་མཆོག་གིས་ཨ་རིའི་གཞུང་དང་སྲིད་འཛིན་བྷ་ཌན། དེ་བཞིན་ཨ་རིའི་མི་དམངས་བཅས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་སླར་ཡང་བཀའ་དྲིན་ཆེ་ཞུས་སོང་ཞེས་གསུངས་ཡོད་པ་རེད།།
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ལམ་དུ་སྲིད་སྐྱོང་བློ་བཟང་སེངྒེས་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་རྣམ་གཉིས་ལ་བོད་མིའི་སྒྲིག་འཛུགས་དང་བོད་པ་ཡོངས་ཀྱི་ཚབ་ཞུས་ནས་རྟེན་འབྲེལ་ཞུ་བའི་ཕྱག་བྲིས་ཞིག་བཀྲམ་ཡོད་ཅིང་། ཕྱག་བྲིས་དེར་ཨ་རིའི་སྲིད་གཞུང་རིམ་པ་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བྷ་ཌན་གྱི་སྲིད་གཞུང་གསར་པས་ཀྱང་སྔར་བཞིན་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་བཀོད་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ཀྱིས་ངོ་སྤྲོད་གནང་སོང་།
བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་དུ་ཨ་རིའི་གཞུང་འཛིན་སྔ་རྗེས་ཚང་མས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་ལྟར་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་ཀྱང་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སོགས་ལ་འཁོད་པ་ལས་ལྷག་ཅིག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག
ཨ་རིའི་སྲིད་འཛིན་༤༦་པ་ཇཱོ་བྷ་ཌན་ནི་དགུང་གྲངས་༧༨་ལ་ཕེབས་ཡོད་པས་ཨ་མི་རི་ཀའི་ལོ་རྒྱུས་སུ་སྲིད་འཛིན་ལོ་ན་བགྲེས་ཤོས་དེ་ཡིན་པ་དང་། སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་ནི་ཕ་མ་གཉིས་རྒྱ་གར་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཇཱ་མཱེ་ཁ་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་འབྱོར་བའི་ཕྱི་མི་གཞིས་ཆགས་པའི་བུ་ཕྲུག་ཅིག་ཨ་རིའི་སྲིད་འཛིན་གཞོན་པར་འདེམས་ཐོན་བྱུང་བ་དང་ཨ་རིའི་བུད་མེད་སྲིད་འཛིན་གཞོན་པ་ཨང་དང་པོ་དེར་གྱུར་ཡོད་པ་རེད།།
འབྲེལ་ཡོད།
དམངས་གཙོ་ཚོགས་པས་ཕོ་བྲང་དཀར་པོ་དང་གྲོས་ཚོགས་གཉིས་ཀ་བཟུང་།
ཨ་རིའི་བོད་དོན་ཁྲིམས་ཡིག་གིས་རྒྱ་ནག་ལ་ཁ་གཏད་བཅག་པ།
སྐུ་ཞབས་ཇཱོ་བྷ་ཌན་གྱིས་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་ཞུས་པ།
XS
SM
MD
LG