ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་སེམས་ངལ་སེལ་ཐབས་ཀྱི་ལམ་སྟོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་སེམས་ངལ་སེལ་ཐབས་ཀྱི་ལམ་སྟོན།

༄༅།། ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་དང་པོའི་ཚེས་༤་ནས་ཚེས་༧་བར་དུ་ཉིན་༣་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱལ་བའི་ཕོ་བྲང་དུ་དྲྭ་ལམ་བརྒྱུད་ནས་ཤེས་རབ་སྙིང་པོའི་གསུང་ཆོས་གནང་བའི་སྐབས་དེར་ཉིན་ལྟར་སྒོམ་སྒྲུབ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན། དད་པ་དང་ཤེས་རབ་ཟུང་དུ་འབྲེལ་ནས་གོམས་འདྲིས་ཐེབས་ཐུབ་པ་ཞིག་བྱ་དགོས་ཞེས་བཀའ་སློབ་སྩལ། ད་ཐེངས་ཀྱི་གསུང་ཆོས་སྐབས་སུ་ཆོས་ཞུ་བ་ཁག་ཅིག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་དུས་སུ་བསམ་བློའི་འཁྱེར་ཕྱོགས་དང་གདོང་ལེན་བྱེད་ཕྱོགས་ལ་ཐབས་ལམ་ཅི་ཡོད་བཀའ་འདྲི་ཞུས། ༧གོང་ས་མཆོག་གིས་ནང་པ་སངས་རྒྱས་པ་ཞིག་ལ་མཚོན་ན་ད་ལྟའི་ནད་ཡམས་ལྟ་བུ་ནི་སྔོན་བསགས་ལས་ཀྱི་འབྲས་བུ་དང་ཚེ་འདིའི་ཟས་སྤྱོད་གཉིས་ལ་འབྲེལ་བ་ཡོད་པ་ཁས་ལེན་དགོས། དེ་ལྟ་བུའི་རྐྱེན་ངན་བྱུང་བའི་སྐབས་སུ་ཡིད་སེམས་མ་ཞུམ་པར་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་འགྱུར་ཐབས་བྱ་དགོས་ཞེས་བཀའ་སློབ་སྩལ།།

གཞན་ཡང་དེ་རིང་གི་གསུང་ཚོས་དུས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་དང་བོད་ནང་གི་དམ་པ་དམ་ཚིག་གཡོ་བ་མེད་པའི་དོན་གཉེར་ཅན་ཚོར་ཆེད་དུ་དམིགས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་གྱི་ལྗགས་ལུང་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོགས་ཆོག་གནང་ཡོད་པར་མ་ཟད། དེ་རིང་གི་གསུང་ཆོས་ཉིན་མཐའ་མར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་དུ་བྱ་བའི་འདུ་བྱའི་གྲས་ཀྱི་ཆོས་བྱེད་མཁན་ལས་དང་པོ་བ་ཚོས་དྲྭ་ལམ་གྱི་སྤྱི་ཚོགས་ལས་ཆོས་ལ་བར་ཆད་འབྱུང་སྐབས་གདོང་ལེན་བྱེད་ཕྱོགས་དང་བཟོད་སྒོམ་ཉམས་ལེན་གྱི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས། དེ་བཞིན་རང་གི་བུ་ཕྲུག་ཙམ་མ་ཡིན་པར་བུ་ཕྲུག་ཡོངས་ལ་གཅིག་འགྱུར་གྱི་བརྩེ་བ་སྒོམ་ཕྱོགས། ཁ་སང་གསུང་ཆོས་ཉིན་གཉིས་པར་སྒྱུ་རྩལ་བ་ཚོས་སྒྱུ་རྩལ་གྱི་ལམ་ནས་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་ཐབས་ལའང་ལམ་སྟོན་བཀའ་སློབ་གནང་སོང་།།

འདས་པའི་ལོ་བཅུ་ཕྲག་གཉིས་ལྷག་ལ་༧གོང་ས་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་ཆོས་ཞུ་ཚོར་གསུང་ཆོས་གནང་ཡོད་ཀྱང་སྔ་ལོ་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་ལོ་འདིའི་གསུང་ཆོས་དྲྭ་ལམ་དུ་གནང་དགོས་བྱུང་ཞིང་། དགའ་ལྡན་ཕོ་བྲང་གི་དྲྭ་ཐོག་ཏུ་གསུང་ཆོས་དང་བགྲོ་གླེང་རྣམས་ཐད་གཏོང་བྱས་པ་དང་༧གོང་ས་མཆོག་གི་གསུང་ཆོས་སྐད་ཡིག་བཅུ་བཞིའི་ནང་དུ་ཐད་ཀར་བསྒྱུར་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG