ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀང་ར་རྫོང་ཁོངས་སུ་བྱ་ནད་ཅིག་སླེབས་ཡོད་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ལོ་ལྟར་དགུན་གྱི་དུས་སུ་བོད་དང་སོག་ཡུལ་སོགས་ནས་བྱ་རིགས་སྣ་ཚོགས་ཤིག་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་ཀྱི་པོང་ཌམ་ཆུ་མཛོད་ཀྱི་ཉེ་འཁོར་དུ་གྲང་གཡོལ་ལ་ཡོང་གི་ཡོད་ཅིང་། ཉེ་ཆར་འདབ་ཆགས་༡༨༠༠་ཙམ་ཤི་ཡོད་པར་ཧི་མ་ཅལ་མངའ་སྡེའི་རི་སྐྱེས་སྲོག་ཆགས་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་ནས་འདབ་ཆགས་དེ་ཚོར་བྱ་ནད་ཅིག་ཕོག་ནས་ཤི་ཡོད་པ་རྩད་གཅོད་བྱུང་འདུག ཕྱི་ཟླ་དང་པོའི་ཚེས་༤་ཉིན་ཀང་རའི་རྫོང་དཔོན་གྱིས་བརྡ་ཁྱབ་ཅིག་བཏང་སྟེ་པོང་ཌམ་ཆུ་མཛོད་ནས་སྤྱི་ལེ་བཅུའི་མཚམས་སུ་ཆགས་པའི་ས་གནས་ཁག་གིས་བྱ་ནད་གསར་པ་དེར་འཛེན་ཟོན་བྱ་དགོས་པའི་ནན་བརྗོད་བྱས་ཡོད་པར་མ་ཟད། གྷ་དྷི་པུར་གཙོས་གྲོང་སྡེ་གསུམ་ལ་ཁྲོམ་རའི་ནང་དུ་བྱ་ཤ་དང་སྒོ་ང་། ཉ་ཤ་བཅས་པ་བཙོང་མི་ཆོག་པའི་བཀག་སྡོམ་དང་ཆུ་མཛོད་ལ་ལྟོ་སྐོར་བའང་བཀག བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་ལགས་ཀྱིས་བཞུགས་སྒར་ཁུལ་དུ་གནས་འཁོད་བོད་པ་ཚོས་བྱ་ནད་གསར་པ་དེར་གཟབ་ནན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར། བཞུགས་སྒར་དྷ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ།།

XS
SM
MD
LG