ངོ་འཕྲད་བདེ་བའི་དྲ་འབྲེལ།

ཆོས་ལུགས་ལ་མ་འབྲེལ་བ་བྱམས་བརྩེའི་བློ་གོང་འཕེལ་གཏོང་རྒྱུའི་ལམ་སྟོན།


༅།། ༧གོང་ས་མཆོག་གིས་ཆོས་ལུགས་ཚང་མས་ཆོས་ལུགས་ལ་མ་འབྲེལ་བར་བྱམས་བརྩེའི་བློ་གོང་འཕེལ་གཏོང་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད་ཅིང་། ཕྱི་ཟླ་༡༢་པའི་ཚེས་༡་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ཚུགས་ནས་ལོ་སུམ་ཅུ་འཁོར་བའི་དུས་ཚེས་ཉིན་ཚོགས་པ་དེ་གསར་འཛུགས་པ་ཡེ་ཤུའི་ཆོས་དཔོན་ལོ་རེན་སི་ཧྥི་རི་མེན་དང་ལྷན་དུ་སེམས་གཅིག་དང་བློ་གཅིག གཅིག་འདུས་ཀྱི་ཤེས་པ་ཞེས་ཡེ་ཤུའི་བཞེད་སྲོལ་གྱི་བརྗོད་གཞི་ཞིག་ལ་དྲྭ་ལམ་དུ་བགྲོ་གླེང་དང་ཚོགས་ཞུགས་པ་ཚོར་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་བསྐྱངས་འདུག་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG