ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་མངོན་པ་ཀུན་བཏུས་བགྲོ་གླེང་།


༄༅།། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་དང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་ཞུགས་ཀྱིས་རི་བོ་དགེ་ལྡན་པའི་གདན་ས་གསུམ་གྱི་གྲྭ་ཚང་དྲུག་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་དང་རྒྱུད་གྲྭ་སྟོད་སྨད། རྩེ་རྣམ་རྒྱལ་གྲྭ་ཚང་བཅས་ཀྱི་མཁན་པོ་རྣམས་དང་དཔེ་ཁྲིད་དགེ་རྒན་ཚོ། དེ་བཞིན་སློབ་གཉེར་བ་བཅས་ཁྱོན་བསྡོམས་དགེ་འདུན་༢༥༠་ལྷག་གིས་ཕྱི་ཟླ་༡༡་པའི་ཚེས་༢༤་ནས་༢༥་བར་དུ་ཉིན་གཉིས་ལ་དྲྭ་ལམ་དུ་རྒྱ་གར་གྱི་དཔལ་ནཱལེནྡྲའི་མཁས་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ཀྱི་གཞུང་ལ་གཏམ་བཤད་དང་བགྲོ་གླེང་རྒྱ་ཆེན་པོ་ཞིག་ཚུགས་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG