ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་གཏན་འབེབས།


༄༅།། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་གཅིག་ལ་ཚོགས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༠-༢༡་བར་གྱི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་ཆེད་དུ་ཧིན་སྒོར་ས་ཡ་༢༧༡༤་ལྷག་གི་ཁྲིམས་ཡིག་གཏན་འབེབས་བྱུང་ཞིང་། གོང་དུ་གཏན་འབེབས་བྱུང་བ་ལྟར་དཔལ་འབྱོར་བཀའ་བློན་ཀརྨ་ཡི་ཤེས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གསུང་བཤད་སྐབས་སུ་གྲོས་ཚོགས་ལ་འཆར་འབུལ་ཞུས་པའི་སྔོན་རྩིས་དེར་འགྱུར་བ་ཕྲན་བུ་ཕྱིན་པ་ཙམ་ལས་འཕྲི་སྣོན་དེ་ཙམ་བྱུང་མེད་ཅེས་སྙན་སེང་ཞུས་ཡོད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགོར་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG