ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་ལྷོ་ཕྱོགས་སུ་བེུད་སྒེར་ལངས་ཐེངས་༦༡་པ་སྲུང་བརྩི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེ་རིང་ཕྱི་ཟླ་༣་པའི་ཚེས་༡༢་ཉིན་རྒྱ་གར་ལྷོ ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༥༩་ལོའི་ཕྱི་ཟླ་ ༣་ཚེས་༡༢་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དཔའ་མོ་གུར་སྟེང་ཀུན་བཟང་སོགས་གཙོས་རྒྱལ་གཅེས་སྙིང་སྟོབས་ཅན་གྱི་བོད་ཀྱི་བེུད་ཚོས་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་སྒེར་ལངས་དང་བེུད་མང་པོ་ཞིག་གིས་རང་སྲོག་བློས་གཏོང་གནང་སྟེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གལ་ཆེའི་ཉིན་མོ་སྟེ། ༣་པའི་ཚེས་༡༢་ཉིན་བེུད་སྒེར་ལངས་ཀྱི་ཉིན་མོར་ལས་འགུལ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཞུས་སོང་།

དེ་ཡང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷལ་བཅས་ས་གནས་ཁག་གསུམ་གྱིས་ལོ་ལྟར་༣་པའི་ཚེས་༡༢་ཀྱི་ཉིན་མོར་བེུད་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུ་བར་མེ་སོར་གྲོང་ཁྱེར་དུ་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རེ་སྲོལ་ཡོད་མོད། འོན་ཀྱང་ད་ལོ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་རྔམ་སྟོམ་ཁྲོམ་སྐོར་གྱི་ལས་འགུལ་ཕྱིར་འཐེན་བྱས་ཏེ་ཚོགས་པ་ཁག་གསུམ་གྱི་ཚོགས་གཙོ་རྣམ་པས་མེ་སོར་གྲོང་ཁྱེར་གྱི་གསར་འགོད་ལྷན་ཚོགས་ཁང་དུ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་༢༠་ཙམ་འདུས་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་དོན་ཚན་བཞི་ཅན་གྱི་བོད་དོན་ཡིག་ཆ་ཞིག་བཀྲམ། དེ་རིང་གི་ཉིན་མོ་འདིར་སྲུང་བརྩི་ཞུ་དགོས་དོན་ཐད་ལ་ལས་འགུལ་ཚོགས་པའི་མགྲིན་ཚབ་པ་ཧུན་སུར་ས་གནས་བེུད་ལྷན་ཚོགས་ཀྱི་ཚཽགས་གཙོ་རྟ་མགྲིན་སྒྲོལ་མ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

འདི་དང་དུས་མཚུངས་སུ་ཏོག་དབྱིབས་ནད་དུག་གི་ཛ་དྲག་ཡོད་མིན་ལ་མ་ལྟོས་པར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུའང་ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་མི་༣༠༠་ཡས་མས་ཤིག་སྔ་དྲོར་ཁུལ་དེའི་ནོར་བུ་རིར་འདུ་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསང་གསོལ་དང་འཕྲིན་སྐུལ། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱང་ངན་གུས་འདུད་ཞུས་པའི་སྒོ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་ཅེས་མོན་གྷོ་འདོད་རྒུ་གླིང་ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་དཔལ་མོ་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་དང་ཁོང་ལ་ས་གནས་བེུད་ལྷན་ཚོགས་ཀྱིས་ལོ་ལྟར་༣་པའི་ཚེས་༡༢་ཉིན་དུས་དྲན་སྲུང་བརྩི་ཞུ་དགོས་དོན་གྱི་གལ་གནད་སོགས་ལ་བཅའ་འདྲི་ཞུས་པར་ལན་འདེབས་གནང་བྱུང་། ད་དུང་རྒྱ་ལྷོ་ཕྱོགས་ཀྱི་བོད་པ་བཙན་བྱོལ་བའི་གཞིས་ཆགས་གཞན་ཁག་གི་ནང་དུའང་མང་ཚོགས་འདུ་འཛོམས་ཀྱིས་བུད་མེད་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུས་འདུག སྦེལ་ཀོབ་གཞིས་ཆགས་སུ་བེུད་ལྷན་ཚོགས་ཀྱི་ཚོགས་མི་དང་མང་ཚོགས་བཅས་མི་ཉུང་ཤས་ཤིག་སྦེལ་ཀོབ་གཞིས་ཆགས་སྤྱིའི་རྒྱལ་བའི་ཕོ་བྲང་དུ་འདུས་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་གུས་འདུས། བེུད་ལངས་གླུ་བླངས་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

XS
SM
MD
LG