ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༢/༠༦
བོད།
བོད་པ་ཚོས་སྔར་བཞིན་ནད་དུག་ལ་འཛེམ་ཟོན་བྱ་དགོས་པའི་ནན་སྐུལ།
༢༦།༠༡།༢༠༢༡
བོད་པ་ཚོས་སྔར་བཞིན་ནད་དུག་ལ་འཛེམ་ཟོན་བྱ་དགོས་པའི་ནན་སྐུལ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། ཕྱི་ཟླ་དང་པོའི་ཚེས་༡༦་ནས་འགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་ཚུགས། འདི་ནི་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་རྩ་མེད་བཟོ་རྒྱུའི་གོམས་སྟབས་དང་པོ་ཡིན་རུང་འཕྲོད་ལས་བྱེད་པ་ཚོས་རྒྱ་གར་ལྟ་བུའི་མི་འབོར་དུང་ཕྱུར་༡༣་ལྷག་ཡོད་པའི་རྒྱལ་ཁབ་ཅིག་ལ་སྤྱི་དམངས་ཀུན་པོར་འགོག་ཁབ་མ་ཐོབ་པར་ཡུན་རིང་འགོར་གྱི་རེད། དེར་བརྟེན་མི་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་ཁ་རས་གྱོན་པ་དང་ལག་པ་ཡང་ཡང་བཀྲུ་རྒྱུ། སྤྱི་ཚོགས་རྒྱང་བཀྱེད་སོགས་ཀྱི་ཐབས་ལམ་ཁག་སྔར་བཞིན་ལག་ལེན་བསྟར་དགོས་པའི་ནན་སྐུལ་ཞུས་སོང་། དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་འགྲེམ་སྤེལ་བྱ་འཆར་ཡོད་པའི་གློ་ནད་གཉན་ཚད་ཊི་བྷིའི་སྙན་ཐོ་དེར་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་བྱ་ཐབས་ཁག་ནི་ཊི་བྷི་ཁྱབ་གདལ་འགྲོ་རྒྱུ་སྔོན་འགོག་བྱ་ཐབས་ལའང་ཕན་ཐོགས་ཡོད། ཏོག་དབྱིབས་ནད་དུག་འཇོམས་པའི་རྗེས་སུ་མུ་མཐུད་དུ་ནད་རིགས་སྔོན་འགོག་གི་གོམས་གཤིས་རྣམས་རྒྱུན་འཁྱོངས་བྱ་དགོས་ཞེས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་གཞི་སྔོན་འགོག་ལས་འཆར་གྱི་འགན་འཛིན་བསྟན་འཛིན་སྒྲོལ་དཀར་གྱིས་ལམ་སྟོན་བྱས་འདུག
འཕྲོད་བསྟེན་ལས་ཁུངས་ཀྱིས་འགྲེམ་སྤེལ་བྱ་འཆར་ཡོད་པའི་སྙན་ཐོ་ནི་༢༠༡༢་ལོ་ནས་༢༠༡༩་བར་དུ་རྒྱ་གར་རྒྱལ་ཡོངས་ཀྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཊི་བྷི་སྔོན་འགོག་གི་ལས་དོན་སྒྲུབ་མཁན་སྨན་ཁང་གཙོ་བོ་བདུན་གྱིས་ཞིབ་འཇུག་བྱས་པ་ཞིག་ཡིན་ཞིང་། ཕྱི་ལོ་༢༠༡༢་ལོར་ནད་པ་༣༨༧་ཡོད་ཀྱང་ཕྱི་ལོ་༢༠༡༩་ལོར་ནད་པ་༡༨༥་བར་དུ་བརྒྱ་ཆ་༤༠་ཙམ་ཉུང་དུ་ཕྱིན་ཡོད་ཅིང་། སྨན་པ་བློ་བཟང་གིས་ནད་པ་བརྒྱ་ཆ་༤༠་ལྷག་ཉུང་དུ་ཕྱིན་པ་ནི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཊི་བྷིའི་གློ་ནད་ཉུང་དུ་ཕྱིན་པའི་རྟགས་མཚན་རེད། ང་ཚོས་ཊི་བྷིའི་ནད་གཞི་དེ་དངོས་སུ་རྩ་འཇོམས་གཏོང་བར་ཁོར་ཡུག་ལ་གཙང་སྦྲ་དང་རྒྱུན་ལྡན་གྱི་ནད་འགོག་གོམས་གཤིས་རྣམས་འཇགས་རྒྱུ་གནད་འགག་ཆེན་པོ་རེད། ད་ལྟའི་ཆར་ཊི་བྷིའི་ནད་པ་བརྒྱ་ཆ་༤༠་ལྷག་སློབ་གྲྭ་ཁག་ཏུ་འཐོན་བཞིན་འདུག་ཅེས་བཤད།།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་གཞི་སྔོན་འགོག་ལས་འཆར་གྱི་འགན་འཛིན་བསྟན་འཛིན་སྒྲོལ་དཀར་གྱིས་༢༠༢༠་ལོར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་བྱུང་བའི་རྐྱེན་གྱིས་མང་ཚོགས་ཀྱིས་དོ་སྣང་བྱ་ཡུལ་གཙོ་བོ་ནི་ཏོག་དབྱིབས་ནད་དུག་འབའ་ཞིག་ལ་གྱུར་ནས་འགོས་ནད་གཞན་པ་སྔོན་འགོག་བྱ་རྒྱུ་དེར་འཐུས་ཤོར་ཕྱིན་པ་ལྟར་ཊི་བྷི་སྔོན་འགོག་བྱ་རྒྱུ་དེ་ལའང་འཐུས་ཤོར་ཕྱིན་འདུག ཏོག་དབྱིབས་ནད་དུག་དང་ཊི་བྷི་གཉིས་ལ་ནད་རྟགས་ཧ་ཅང་འདྲ་བོ་ཡོད་པས་ལོ་འདིར་ཏོག་དབྱིབས་ནད་དུག་ལ་བརྟག་དཔྱད་བྱས་པའི་སྐབས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཊི་བྷིའི་ནད་པ་མང་པོ་ཡོད་པ་རྩད་གཅོད་ཐུབ་སོང་ཞེས་བསྒྲགས།།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཨ་རིའི་ཇཱོན་ཧོབ་ཀིན་སི་གཙུག་ལག་སློབ་གྲྭ་གཉིས་ཟུང་འབྲེལ་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཊི་བྷིའི་ནད་གཞི་རྩ་མེད་བཟོ་རྒྱུའི་ལས་གཞི་བརྩམས་པར་ལམ་ལྷོངས་ཡོང་བའི་ཆེད་དུ་ཚང་མས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གོམས་གཤིས་རྣམས་རྒྱུན་འཇགས་དང་རྒྱུན་འཁྱོངས་བྱ་དགོས། མི་ལ་ནད་རྟགས་ཐོན་མ་ཐག་ཏུ་བརྟག་དཔྱད་བྱ་དགོས། དེ་བཞིན་རང་གི་ན་ཚ་སྐྱེ་བོ་གཞན་ལ་མི་བགོ་བའི་བྱ་ཐབས་རྣམས་ལག་ལེན་བསྟར་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་གསུངས་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
བོད་པ་ཚོས་སྔར་བཞིན་ནད་དུག་ལ་འཛེམ་ཟོན་བྱ་དགོས་པའི་ནན་སྐུལ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:06:32
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
བོད་དམག་ཚེ་རིང་ནོར་བུར་རྒྱ་གར་གྱི་ཆེ་བསྟོད་གཟེངས་རྟགས་ཐོབ་པ།
བོད་མི་དམངས་སྤྱི་འཐུས་ཀྱི་གདན་གྲངས་སྤར་དགོས་མིན་གྱི་ཞིབ་འཇུག
XS
SM
MD
LG