ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་ཏོག་དབྱིབས་རིམས་ནད་དང་ཤར་ཕྱོགས་པ་ཚོར་སྡང་ཟུག


འཆི་སྐྱོན་དང་ནད་པའི་གྲངས་འབོར།

༄༅།། ཕྱི་ཟླ་༢་ཚེས་༡་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་མི་༨༦༨འཆི་སྐྱོན་དང་ནད་པའི་གྲངས་འབོར་མི་༧༢༤༣༦་ཟིནཁ་སང་ཉི་མ་གཅིག་ལ་མི་༩༨་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་འདས་གྲོངས་སུ་གྱུར་པ་དང་ནད་པ་གསར་པ་༡༨༦༨་འཕར་སྣོན་བྱུངསོང་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་སུ་ཝུ་ཧན་གྲོང་ཁྱེར་གྱི་ཝུ་ཁྲང་སྨན་ཁང་གི་འགན་འཛིན་ལིའུ་ཀྲི་མཱིང་ཚུད་ཡོད། ཁོང་གིས་ཁ་སྔོན་ཕྱི་ཟླ་༡༢་པ་ནས་ཝུ་ཧན་གྲོང་ཁྱེར་ལ་ཁྱབ་པའི་རིམས་ནད་དེ་སྔོན་འགོག་བྱེད་པར་བཀོད་འདོམས་ཀྱི་ལས་སུ་ཞུགས་ནས་འགོས་ནད་ཕོག ད་སྔ་རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་་ལ་འཆི་སྐྱོན་དང་མི་༡༧༡༦་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་ཅེས་བསྒྲགས་ཀྱང་ཉམས་ཞིབ་པ་ཚོས་ཝུ་ཧན་གྱི་རིམས་ནད་དེས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་རྣམས་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་ལྡབ་འགའ་ཞིག་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་རྒྱ་ནག་ལ་གཞུང་གཉེར་ཁེ་ལས་༢༠༠༠༠་ལྷག་ཡོད་པ་དེ་རྣམས་བསྐྱར་དུ་སྒོ་ཕྱེ་ནས་ཐོན་སྐྱེད་བཟོ་འདོན་བྱེད་འགོ་ཚུགས་ཀྱང་ས་གནས་ཁག་གིས་འགྲིམ་འགྲུལ་བཀག་པའི་སྟབས་ཀྱིས་རྒྱ་ནག་གི་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་གི་ལས་མི་དུང་ཕྱུ་འགའ་ཞིག་རང་ཁྱིམ་དུ་འགག་ནས་ལས་གནས་སུའབྱོར་ཐུབ་ཀྱི་མེད་པའམ། ཡང་ན་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་གིས་ཏོག་དབྱིབས་རིམས་ནད་ལ་འཛེམས་ནས་བཟོ་ཚོང་ལས་ཁང་ཁག་སྒོ་འབྱེད་ཀྱི་མེད་པའི་གནས་ཚུལ་ཐོན། ཐ་ན་ལོ་འདིའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་ཕྱིར་འགྱངས་བྱ་རྒྱུའི་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།

ད་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་ཅིག་ཁྱབ་པའི་རྗེས་སུ་ཨོ་གླིང་རྒྱལ་ཁབ་དང་ཨ་མི་རི་ཀ ཁེ་ན་ཌ་དང་དབྱིན་ཡུལ། ཧྥ་རན་སི་དང་ཨི་ཊི་ལི། ཨོ་སི་ཊི་རི་ཡ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རིམས་ནད་ལ་དོགས་ནས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་མི་དམངས་རྣམས་རྒྱ་ནག་པ་ཚོས་གཉེར་པའི་ཟ་ཁང་དང་ཚོང་ཁང་སོགས་ལ་འཛེམ་ཟོན་གྱིས་རྒྱ་ཟས་ཟ་ཁང་ཁག་གི་ཚོང་ལས་བརྒྱ་ཆ་༥༠་ནས་༨༠་བར་དུ་ཉམས་ཆག་སོང་། ཟ་ཁང་དང་ཚོང་ཁང་བདག་པོ་རྣམས་ཀྱིས་ཁང་གླ་དང་ལས་བྱེད་པའི་གླ་ཕོགས་སྤྲོད་མ་ཐུབ་པར་མ་རྩ་བརྡིབས་པའམ། ཡང་ན་ཟ་ཁང་དང་ཚོང་ཁང་སོགས་སྒོ་རྒྱག་དགོས་ཐུག་པའི་མཚམས་སུ་ལྷུང་། ཨི་ཊི་ལི་སོགས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་ནང་དུ་རྒྱ་ནག་པ་གཙོ་བོར་གྱུར་པའི་ཤར་ཕྱོགས་པ་ཚོར་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་སོང་ཡོད་པ་སྟེ། ཨི་ཊི་ལིའི་ས་གནས་ཁག་འགའ་ཞིག་ལ་རྒྱ་ནག་པ་ཚོར་རྡུ་རྡེག་བཏང་ནས་ཁྱེད་ཚོ་རང་ཡུལ་དུ་ཕྱིར་ལོག་བྱོས། ཁྱེད་ཚོས་ནད་རིགས་ཐམས་ཅད་འཁྱེར་ཡོང་གི་འདུག་ཅེས་སྡིགས། རྒྱ་མོ་ན་གཞོན་མ་ཚོར་ཁྱེད་ཚོ་རང་ཡུལ་དུ་སོང་། མ་སོང་ན་བཙན་གཡེམ་བྱ་རྒྱུ་ཡིན་ཞེས་འཁོད་པའི་འཕྲིན་ཐུང་རྣམས་ཁ་པར་ནང་དུ་གཏོང་གི་ཡོད་པར་མ་ཟད། ཨི་ཊི་ལིའི་སློབ་གྲྭ་ཁག་གིས་རེ་ཞིག་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་འཛམ་གླིང་ཤར་ཕྱོགས་ཀྱི་སློབ་ཕྲུག་ཚོར་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་མཚམས་བཞག་པ་ཡིན། སློབ་ཕྲུག་ཚོར་བདེ་འཇགས་མི་འདུག་ཅེས་བསྒྲགསཧྥི་ལི་ཕིན་གྱི་སྐྱེས་པ་ཞིག་རྒྱ་ནག་པ་ཞིག་ལ་འཕྱུག་ནས་རྡུག་རྡེག་ཚབས་ཆེན་ཕོག ཉེ་དུས་ཤིག་ནས་ཨ་མི་རི་ཀའི་ས་ཐོག་ཏུའང་རྒྱ་ནག་པ་ཚོར་ཁྱེད་ཚོས་ན་ཚ་འཁྱེར་ཡོང་གི་འདུག་ཅེས་སྡིགས་མོ་བྱས་པ་དང་རྡུང་རྡེག་བཏང་བའི་གནས་ཚུལ་ཐོན།

བོད་ཀྱི་ས་ཁུལ་ཁག་ལ་མཚོན་ན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༦༢་ཡོད་ཅིང་། འདི་ནི་ཉི་མ་གཅིག་གི་སྔོན་དང་བསྡུར་ན་ནད་པ་་མང་དུ་ཕྱིན་འདུག དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྟའུ་རྫོང་གཅིག་པུར་ནད་པ་་ཡོད་པ་དེ་རྣམས་ཁྱིམ་ཚང་གསུམ་གྱི་མི་ཡིན་པར་མ་ཟད། ཁྱིམ་ཚང་གཅིག་ལ་ནད་པ་མི་༡༠་ཡོད་འདུག ད་དུང་རྟའུ་རྫོང་གི་མི་༣༧ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་བྱས་ནས་ཟུར་དུ་བཀག་ཡོད་པ་དང་རྟའུ་རྫོང་ལ་ཁྱོན་བསྡོམས་མི་གྲངས་ཁྲི་ཚོ་༦་ལྷག་ཡོད་པའི་གནས་ཚུལ་ཐོན མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་གྲོང་ཁྱེར་དུ་ནད་པ་༡༥་ཡོད་པ་དེའི་ཁོངས་ཀྱི་ནད་པ་༤་དྲག་སྐྱེད་བྱུང་སྟེ་ད་ལྟ་ནད་པ་༡༡་ལས་མེད་ཅིང་། མཚོ་བྱང་ཁུལ་དུ་ནད་པ་༣་ཡོད་པ་དེའི་ནང་གི་མི་༢་དྲག་སྐྱེད་བྱུང་ད་ལྟ་ནད་པ་༡་ལས་མེད་པའི་གནས་ཚུལ་ཐོན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་༨་ཡོད་པ་དེའི་གྲས་ཀྱི་ནད་པ་༤་དྲག་སྐྱེད་བྱུང་བ་དང་ད་ལྟ་ནད་པ་༤་ལས་མེད། རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་གཅིག་ཡོད་པ་དེ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱི་ལ་ཐོན་ཡོད་ཅེས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལཕྱི་ཟླ་༢་ཚེས་༡༨་ཀྱི་མཚམས་སུ་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་་ཡོད་ཀྱང་ནད་པ་ཚང་མ་བོད་པ་ཡིན་མིན་གྱི་གནས་ཚུལ་གསལ་པོ་ཞིག་རྩད་གཅོད་བྱེད་དཀའ། དེང་སྐབས་རྟའུ་རྫོང་ལ་རིམས་ནད་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པ་སེལ་ཐབས་སུ་བོད་པ་སྤྱི་སྒེར་གཉིས་དང་སྐྱ་སེར་ལ་དབྱེ་བ་མེད་པར་དངུལ་སྒོར་ཞལ་འདེབས་དང་ཁ་རས་ཉོ་བ། སྨན་པ་དང་སྨན་ཞབས་པ་རྣམས་དངོས་སུ་རྟའུ་རྫོང་དུ་རོགས་སྐྱོར་ལ་བསྐྱོད་ནས་བོད་པ་ཚོས་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་རྒྱུ་ཇེ་མང་དུ་ཕྱིན་འདུག

ཕྱི་ཟླ་༢་པའི་ཚེས་༡༨་ཉིན་ཉི་ཧོང་གཞུང་གིས་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་ལ་མི་༣༧༠༠་ཡོད་པ་དེའི་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༨༨་ཇེ་མང་དུ་སོང་འདུག ད་ལྟ་གྲུ་གཟིངས་དེའི་ནང་དུ་ཁྱོན་བསྡོམས་མི་༥༤༢་ལ་ནད་དུག་འགོས་ནས་ཉི་ཧོང་གཞུང་གིས་སྨན་བཅོས་བྱེད་བཞིན་ཡོད་ཅེས་བསྒྲགས། ཁྱོན་བསྡོམས་ཉི་ཧོང་གི་ས་ཐོག་ཏུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༦༨༡་ཡོད་འདུག རྒྱལ་སྤྱིའི་འགྲུལ་སྐྱེལ་སྤྲོ་འཆམ་གྲུ་གཟིངས་དེ་ཕྱི་ཟླ་༢་པའི་ཚེས་༥་ནས་ཉི་ཧོང་གི་ཡོ་ཁཱོ་ཧ་མ་གྲོང་ཁྱེར་གྱི་མཚོ་ཁར་འགག་ཀྱང་ཨ་མི་རི་ཀ་སོགས་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་རང་གི་སྤྱི་དམངས་ནད་དུག་འགོས་མེད་པ་རྣམས་སྐྱོབ་ལེན་བྱས་འདུག དཔེར་ན་གྲུ་གཟིངས་དེར་ཨ་མི་རི་ཀ་བ་༣༠༠་ལྷག་ཡོད་པ་དེའི་ཁོངས་ནས་མི་༣༢༨་གནམ་གྲུ་བཏང་ནས་རང་ཡུལ་དུ་བླངས། ཡིན་ནའང་ཨ་རིའི་གཞུང་གིས་ཉི་ཧོང་ནས་སྐྱོབ་ལེན་བྱས་པ་དེ་དག་གི་གྲས་སུའང་ནད་རྟགས་ཐོན་ཡོད་པའི་མི་༡༤་ཐོན། ཨ་རིའི་གཞུང་གིས་མི་དེ་ཚོ་ཁེ་ལི་ཧྥོ་ཎི་ཡ་དང་ཊེཀ་སི་སི་མངའ་སྡེའི་དམག་གི་གནམ་ཐང་གཉིས་ལ་ལོགས་སུ་བཀར་ནས་བརྟག་དཔྱད་ཀྱི་ཡོད་པ་རེད།

ད་ལྟ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཨ་ཧྥི་རི་ཀའི་བྱང་ཕྱོགས་སུ་ཁྱབ་ཡོད་པ་སྟེ། ཕྱི་ཟླ་༢་པའི་ཚེས་༡༧་ཉིན་ཨི་ཇེབ་གཞུང་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་བཤད་པ་ལྟར་ན། ཨི་ཇེབ་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བརྟག་དཔྱད་བྱེད་མཁན་ལས་སྣེ་ཞིག་ལ་ཉི་མ་གསུམ་གྱི་སྔོན་ནས་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་མོད། འོན་ཀྱང་མི་དེར་ད་དུང་ཡང་ནད་རྟགས་ཐོན་གྱི་མེད་པས་ཁོ་པ་ཨི་ཇེབ་གཞུང་གིས་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་འདུག ཨི་ཇེབ་ཀྱི་ནད་པ་འདི་ཨ་ཧྥི་རི་ཀའི་གླིང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་བའི་ནད་པ་ཐོག་མ་དེ་ཡིན་ཞིང་། ཚན་རིག་པ་དང་ཉམས་ཞིབ་པ་མང་པོ་ཞིག་གིས་བློ་འཚབ་བྱེད་ཀྱི་ཡོད་པ་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་སྲིད་པའི་ཉེན་ཀ་ཆེན་པོ་མེད་རུང་། ནེ་ཇཱི་རི་ཡ་དང་ཨི་ཐོ་ཕི་ཡ། སུ་དྷན་དང་ཨན་གོ་ལ། ཐན་ཟ་ཎི་ཡ་དང་གྷ་ན། ཁེ་ཎི་ཡ་སོགས་ལ་ཆབ་སྲིད་བརྟན་ལྷིང་མེད་པ་དང་དཔལ་འབྱོར་གྱི་ཡོང་འབབ་དམའ་བ། འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་ཉམས་ཞན་ཡིན་པ་བཅས་ལ་བརྟེན་ནས་ཨ་ཧྥི་རི་ཀར་རིམས་ནད་ཅིག་ཁྱབ་ན་ཆག་སྒོ་ཆེན་པོ་འབྱུང་རྒྱུ་རེད་ཅེས་བསྟན། ཉམས་ཞིབ་པ་ཁག་ཅིག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་གནམ་གཤིས་ཚ་བ་ཆེ་བའི་སྟབས་ཀྱིས་ཏོག་དབྱིབས་རིམས་ནད་ལས་སླ་བོར་ཁྱབ་མི་ཐུབ་པའི་རེ་ལྟོས་འཆང་ རྒྱ་ནག་གི་ཕྱི་ལོགས་སུ་ཧྥི་ལི་ཕིན་དང་ཧོང་ཀོང་། ཉི་ཧོང་དང་ཧྥ་རན་སི། ཐེ་ཝན་བཅས་ས་གནས་ཁག་བཞི་ལ་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་འགོས་ཏེ་མི་༥་འདས་གྲོངས་སུ་གྱུར།

XS
SM
MD
LG