ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་དུ་འགགས་པའི་ཨ་རི་བ་རྣམས་རང་ཡུལ་ལ་འབྱོར་བ།


༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་གློ་ཚད་ཀྱི་ནད་རིམས་གསར་པ་དེ་རྒྱལ་སྤྱིའི་འགྲུལ་སྐྱེལ་སྤྲོ་འཆམ་གྲུ་གཟིངས་ཌེ་མན་ཌི་ཕེ་རེན་སེ་སི་ཞེས་པ་དེའི་ནང་དུ་ཁྱབ་ཅིང་། དེར་བརྟེན་ཕྱི་ཟླ་གཉིས་པའི་ཚེས་༥་ནས་གྲུ་གཟིངས་དེའི་ནང་གི་འགྲུལ་པ་རྣམས་ཕྱི་ལ་ཐོན་དུ་མ་བཅུག་པར་ཉི་ཧོང་གི་ཡོ་ཁཱོ་ཧ་མ་གྲུ་ཁར་འགགས། གྲུ་གཟིངས་དེའི་ནང་དུ་ཡོད་པའི་ཨ་མི་རི་ཀའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་སྐྱོབ་ལེན་བྱེད་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གནམ་གྲུ་གོ་སྒྲིག་བྱས་ནས་ཨ་རིའི་གནམ་དམག་གི་གནམ་ཐང་ཊི་རེ་ཝྭི་སི་ཞེས་པའི་ས་གནས་དེར་འབྱོར་ཀྱང་ཨ་རི་བ་དེ་རྣམས་དུས་ཡུན་བདུན་ཕྲག་གཉིས་ལ་ལོགས་སུ་བཀར་ནས་འཇོག་འཆར་ཡོད་པའི་སྐོར། རྡོ་རྗེ་ཐོགས་མེད་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG