ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཏོག་དབྱིབས་རིམས་ནད་ཀྱི་ནད་པ་ས་ཡ་གཉིས་ཟིན་གྲབས་འདུག


༄༅།། སྔ་ལོའི་ཕྱི་ཟླ་༡༢་པར་རྒྱ་ནག་གི་ཝུ་ཧན་གྲོ་ཁྱེར་ནས་ཏོག་དབྱིབས་ནད་དུག་མཆེད་ནས་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་འགོ་ཚུགས། ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོས་ནད་པ་དང་མི་ལ་འཆི་སྐྱོན་གྱི་གཞི་གྲངས་ཕྱོགས་བསྒྲིགས་བྱས་པ་ལྟར་ན། དེ་རིང་གཟའ་མིག་དམར་གྱི་སྔ་དྲོའིབར་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་མི་ས་ཡ་གཉིས་ལོང་གྲབས་ཡོད་པ་དང་མི་༡༢༡༠༠༠་ཡས་མས་ཤིག་ལ་འཆི་སྐྱོན། འཛམ་གླིང་ཡུལ་གྲུ་ཁག་ཏུ་མི་༤༥༠༠༠༠་ལྷག་དྲག་སྐྱེད་བྱུང་འདུག་ཅེས་གཞི་གྲངས་སུ་བཀོད་འདུག འཛམ་གླིང་ཡོངས་སུ་ནད་མནར་དང་མི་ལ་འཆི་སྐྱོན་བྱུང་བའི་ཁོངས་སུ་ཨ་མི་རི་ཀར་གཅིག་པུར་མི་༢༣༦༠༠་ལྷག་ལ་འཆི་སྐྱོན་དང་མི་༥༨༢༦༠༠་ལྷག་ལ་ནད་དུག་འགོས། ཁ་སང་གཟའ་ཟླ་བའི་ཕྱི་དྲོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་སྐབས་སུ་གསར་འགོད་པ་ཚོར་ཨ་རིའི་གཞུང་གིས་ཅི་ཞིག་བསྒྲུབས་པ་རྣམས་འགྲིག་ཡོད་ཅེས་སྡུག་སྐད་ཤོར། ད་ལྟ་ཨ་མི་རི་ཀའི་སྤྱི་ཚོགས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཏོག་དབྱིབས་རིམས་ནད་ལ་དུས་ཐོག་ཏུ་སྔོན་འགོག་བྱ་རྒྱུ་འཐུས་ཤོར་བཏང་འདུག་ཅེས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། གལ་སྲིད་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་མྱུར་དུ་མ་འཇོམས་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་བྱུང་བ་སླར་གསོ་འཕྲལ་དུ་བྱེད་མ་བྱུང་ན་སྲིད་འཛིན་ཌོ་ནལ་ཊམ་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཐུབ་རྒྱུ་ཁག་པོ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།

ཨི་ཊི་ལིའི་ནཏོག་དབྱིབས་ནད་དུག་གིས་མི་༢༠༠༠༠་ལྷག་ཤི་བ་དང་མི་༡༦༠༠༠༠་ལྷག་ལ་ནད་དུག་འགོས། ད་ལོའི་ཏོག་དབྱིབས་ནད་དུག་གིས་ཨི་ཊི་ལི་ཡུ་རོབ་རྒྱལ་ཁབ་ཁག་གི་གྲས་སུ་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ཆེས་མང་ཤོས་སུ་གྱུར། ཕྱི་ཟླ་༤་པའི་ཚེས་༡༤་ནས་ཨི་ཊི་ལིའི་ས་གནས་ཁག་ཅིག་ལ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་གྱིས་དཔེ་ཚོང་ཁང་དང་བྱིས་པའི་གྱོན་གོས་ཚོང་ཁང་སོགས་ཚོང་ཁང་ཁག་ཅིག་བསྐྱར་དུ་སྒོ་ཕྱེས། ཡུ་རོབ་རྒྱལ་ཁབ་སི་པེན་ལའང་ཏོག་དབྱིབས་ནད་དུག་གིས་མི་༡༧༤༠༠་ལྷག་ལ་འཆི་སྐྱོན་དང་མི་༡༦༩༠༠༠་ལྷག་ལ་ནད་དུག་འགོས། ཁ་སང་གཟའ་ཟླ་བ་ནས་སི་པེན་གྱི་རྒྱལ་ས་མེ་ཌི་རི་ཌེ་གྲོང་ཁྱེར་གྱི་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་ནས་མི་༣༠༠༠༠༠་ཡས་མས་ཤིག་བསྐྱར་དུ་ལས་ཀར་བསྐྱོད། འདས་པའི་ཟླ་བ་གཉིས་ཀྱི་རིང་ལ་སི་པེན་གཞུང་གིས་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་དང་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱས་ཤིང་། ད་ལྟ་རང་ཁྱིམ་དུ་ལས་དོན་སྒྲུབ་མི་ཐུབ་པ་ལས་གྲྭ་ཁག་ཏུ་དངོས་སུ་བསྐྱོད་དགོས་པའི་འཛུགས་སྐྲུན་ལས་མི་སོགས་ཀྱིས་བསྐྱར་དུ་ལས་མགོ་བརྩམས་ཀྱང་ཚོང་ཁང་དཀྱུས་མ་དང་ཆང་ཁང་། ཟ་ཁང་དང་ཚོང་ལས་ཁག་ཅིག་ད་དུང་ཡང་སྒོ་བརྒྱབ་འདུག ཡིན་ནའང་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་གཞུང་གིས་ཕྱི་ཟླ་༥་པའི་ཚེས་༡༡་བར་དུ་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས་བྱས་འདུག་པར་མ་ཟད། ཁ་སང་གཟའ་ཟླ་བའི་བར་དུ་ཧྥ་རན་སི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༡༤༩༦༧་ལ་འཆི་སྐྱོན་དང་མི་༩༨༠༧༦་ལ་ནད་དུག་འགོས། དེ་བཞིན་དབྱིན་ཇིའི་གཞུང་གིས་ཀྱང་ཉུང་མཐར་ཡང་ཕྱི་ཟླ་༥་པའི་ཚེས་༧་བར་དུ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱ་རྒྱུ་མིན་ཞིང་། དབྱིན་ཇི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༡༡༣༢༩་ལ་འཆི་སྐྱོན་བྱུང་། སྲིད་བློན་བྷོ་རི་སི་ཇཱོན་སན་ལའང་ཏོག་དབྱིབས་ནད་དུག་འགོས་ནས་སྨན་ཁང་དུ་ཛ་དྲག་གིས་མྱུར་སྐྱོབ་བྱ་དགོས་བྱུང་ཡོད་པ་རེད།།

ཏོག་དབྱིབས་ནད་དུག་གི་ཐོག་མའི་འབྱུང་ཁུངས་རྒྱ་ནག་གིས་མི་༨༢༠༠༠་ལྷག་ལ་ནད་དུག་འགོས་པ་དང་མི་༣༣༤༡་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། ཡིན་ནའང་ཉམས་ཞིབ་པ་དང་འཕྲོད་བསྟེན་ལས་སྣེ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་དེར་དོགས་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་ཅིང་། རྒྱ་གར་ལ་རྒྱ་ནག་ལྟར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཉེན་ཚབས་ཆེན་པོ་དེ་ཙམ་མེད་ཀྱང་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཁྲི་ཚོ་གཅིག་ལྷག་ཡོད་པར་བརྟེན། ཐོག་མར་སྲིད་བློན་མོ་དྷིས་རྒྱ་གར་ལ་དུས་ཡུན་བདུན་ཕྲག་གསུམ་གྱི་འགྲོ་འོང་བཀག་སྡོམ་བྱས་པ་སླར་ཡང་ཕྱི་ཟླ་༥་པའི་ཚེས་༣་བར་དུ་ཕར་འགྱངས་བྱས་ཡོད་པ་སྟེ། སྲིད་བློན་མོ་དྷིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས་བྱ་དགོས་པ་རྒྱ་གར་གྱི་ས་གནས་གཞན་ཁག་ལ་རིམས་ནད་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་ཡིན། བདུན་ཕྲག་རྗེས་མ་ནས་རིམས་ནད་ཁྱབ་གདལ་ཚབས་ཆེན་མིན་པའི་ས་གནས་ཁག་གི་གནས་སྟངས་ལ་གཞིགས་ནས་འགྲོ་འོང་བཀག་སྡོམ་ཁག་ཅིག་ཕྱིར་འཐེན་བྱ་སྲིད་ཅེས་བཤད། ཨ་མི་རི་ཀ་དང་ཨི་ཊི་ལི། སི་པེན་བཅས་ལ་བསྡུར་ན་རྒྱ་གར་གྱི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བ་ཉུང་ཉུང་ཡིན་རུང་འཕྲོད་བསྟེན་ལས་སྣེ་ཚོས་རྒྱ་གར་གཞུང་གིས་མི་མང་པོ་ཞིག་ལ་བརྟག་དཔྱད་བྱས་མེད་པས་ནད་དུག་འགོས་པའི་མིའི་གྲངས་འབོར་ངོ་མ་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཏོག་དབྱིབས་ནད་དུག་གིས་རྐྱེན་པས་༢༠༢༠་ལོའི་རྒྱལ་སྤྱིའི་རྩེད་རིགས་ཆེ་ཁག་ཕྱིར་འགྱངས་བྱས་ཡོད་པ་སྟེ། ལོ་འདིའི་ཕྱི་ཟླ་༧་པའི་ཚེས་༢༤་ནས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་གྲོང་ཁྱེར་དུ་འགོ་འཛུགས་བྱ་འཆར་ཡོད་པའི་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོམ་ཕིཀ་རྩེད་རིགས་འགྲན་སྡུར་ལོ་གཞུག་མ་བར་དུ་ཕར་འགྱངས་བྱས་འདུག ཁ་སང་གཟའ་ཟླ་བར་རྒྱལ་སྤྱིའི་རྐང་རྩེད་ལྒང་ལི་རྩེད་འགྲན་ཚོགས་ཆུང་གི་གཙོ་འཛིན་གྱིས་བཤད་པ་ལྟར་ན། འཛམ་གླིང་ཡུལ་གྲུ་ཁག་གི་རྩེད་འགྲན་པ་རྣམས་ཀྱི་བདེ་ཐང་དང་གྲ་སྒྲིག་སོགས་ཕྱོགས་གང་ནས་བལྟས་ཀྱང་རྩེད་འགྲན་ཚུགས་རྒྱུ་ཁག་ཙམ་འདུག ལོ་འདིར་རྒྱལ་སྤྱིའི་ཐོག་ཏུ་འགྲིམ་འགྲུལ་བཀག་སྡོམ་དང་ནད་ཡམས་སོགས་ལ་བརྟེན་ནས་༢༠༢༡་བར་དུ་རྒྱལ་སྤྱིའི་རྐང་རྩེད་ལྒང་ལིའི་འགྲན་སྡུར་ཁག་ཚུགས་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་རྒྱལ་སྤྱིའི་འགྲིམ་འགྲུལ་བཀག་སྡོམ་ཁག་ཕྱིར་འཐེན་བྱས་པའི་རྗེས་སུ་རྩེད་འགྲན་ཁག་སྔར་བཞིན་རྒྱུན་འཁྱོངས་བྱ་རྒྱུའི་དམ་བཅའ་བརྟན་པོ་བཙུགས་ཡོདད་སྔ་འཛམ་གླིང་ཡོངས་སུ་རིམས་ནད་འཇོམས་ནས་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན་ཆ་ཚང་ཞིག་བྱ་རྒྱུའི་རྟགས་མཚན་མི་འདུག་ཅེས་བཤད། ད་ལྟ་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་ཕྱི་ཟླ་༣་པ་དང་༤་པ་གཉིས་ལ་གཏན་འབེབས་བྱུང་བའི་རྒྱལ་སྤྱིའི་རྐང་རྩེད་ལྒང་ལིའི་འགྲན་སྡུར་ཁག་ཕྱིར་འཐེན་བྱས་འདུག ཡིན་ནའང་ཕྱི་ཟླ་༩་དང་༡༠་པ། ཕྱི་ཟླ་༡༡་པའི་ནང་དུ་རྒྱལ་ཁབ་ཁག་གི་ནང་ཁུལ་གྱི་རུ་ཁག་དེ་ཚོས་རྐང་རྩེད་ལྒང་ལིའི་རྩོད་འགྲན་ཚུགས་ཐུབ་རྒྱུའི་རེ་ལྟོས་འཆང་འདུག ཨ་རིའི་རྒྱལ་ཡོངས་ཀྱི་རྐང་རྩེད་དང་ལག་རྩེད། རྒྱུག་རྩེད་ལྒང་ལི་སོགས་རྩེད་འགྲན་ཡོངས་སུ་རྫོགས་པ་མཚམས་བཞག་སྟེ་ཏོག་དབྱིབས་ནད་དུག་ལ་སྔོན་འགོག་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་རེད།

ཉེ་དུས་བར་དུ་ཨུ་རུ་སུ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་ཕྱིན་མེད་ཀྱང་བདུན་ཕྲག་སྔོན་མ་ནས་ནད་པ་དང་མི་ལ་འཆི་སྐྱོན་འབྱུང་རྒྱུ་ཇེ་མང་དུ་སོང་། དཔེར་ན་ཕྱི་ཟླ་༤་པའི་ཚེས་༡༤་བར་དུ་ཨུ་རུ་སུ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༡༡༠༢་ཡོད་པ་དང་མི་༢༢༤་ལ་འཆི་སྐྱོན་བྱུང་། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཁོངས་ཀྱི་རྒྱལ་ཁབ་བཅུའི་འགོ་ཁྲིད་ཚོསསྨན་དང་ཁ་རས། ནད་བརྟག་འཕྲུལ་ཆས་དང་དབུགས་གཏོང་འཕྲུལ་ཆས་སོགས་གྲ་སྒྲིག་བྱ་དགོས་པ་དང་འགྲིམ་འགྲུལ་བཀག་སྡོམ་བཅས་ལགྲོས་སྡུར་བྱེད་ཀྱི་ཡོད་ཅིང་། ཝྭི་ཏེ་ནམ་གྱི་སྲིད་བློན་གྱིས་ཆེས་ཛ་དྲག་གི་དུས་སྐབས་འདིར་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་དང་མུན་ནག་ཁྲོད་དུ་རེ་བའི་སྒྲོན་མེ་ཞིག་སྦར་དགོས། ང་ཚོའི་མངའ་ཁུལ་འདིར་ཡོངས་ཁྱབ་རིམས་ནད་དེ་ཁྱབ་གདལ་འགྲོ་སྲིད་པ་སྔོན་འགོག་བྱེད་ཐུབ་ཡོད། ཡིན་ནའང་ང་ཚོས་ནམ་ཡང་ལྷོད་ཡངས་དང་འཐུས་ཤོར་གཏོང་མི་ཉན་ཞེས་བཤདའདས་པའི་ཟླ་བ་གཅིག་གི་ནང་དུ་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་གི་ནད་པ་གསར་པ་བྱུང་མ་སོང་ཞེས་ཁྱབ་བསྒྲགས་ཐེངས་དང་པོ་བྱུང་། ཐེ་ཝན་གྱིས་ཐོག་མ་ནས་རིམས་ནད་ཁྱབ་གདལ་ལ་བཀག་སྡོམ་ནན་པོ་བྱས་པ་དེར་གྲུབ་འབྲས་ཐོན་འདུག ཟླ་བ་༦་གི་རིང་དུ་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣༩༣་དང་མི་༦་ལ་མ་གཏོགས་འཆི་སྐྱོན་བྱུང་མེད་པ་རེད། ཨིན་རྡུ་ནེ་ཞི་ཡར་ཏོག་དབྱིབས་ནད་དུག་གི་ནད་པ་༤༨༣༩་དང་༤༥༩་ལ་འཆི་སྐྱོན་བྱུང་། ལྷོ་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀར་ནད་བརྟག་འཕྲུལ་ཆས་༧༥༠༠་གཏོང་གི་ཡོད་པ་པ་དང་། ཕྱི་ཟླ་༣་པའི་ཚེས་༢༥་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་སྨན་ཆས་སོགས་ལྷག་མ་ཡོད་ན་གཏོང་རོགས་གནང་ཞེས་རོགས་རམ་ཞུས་ཡོད་པ་རེད།།

XS
SM
MD
LG