ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་གཞུང་གིས་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས།


༄༅།། དེ་རིང་ཕྱི་ཟླ་༤་པའི་ཚེས་༡༤་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷིས་རྒྱལ་ཡོངས་གཏམ་བཤད་ཅིག་གནང་ནས་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་གི་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། ཁྱད་པར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམས་དང་མང་ཚོགས་ཀྱི་མངོན་འདོད་ལྟར་རྒྱ་གར་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་ད་དུང་ཉིན་༡༩་ལ་ཕར་འགྱངས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་ཅིང་། སྲིད་བློན་མོ་དྷིས་ཕྱི་ཟླ་༤་ཚེས་༢༠་བར་དུ་གཞུང་དམངས་གཉིས་ཀས་ནད་དུག་ཁྱབ་ཡུལ་ཚབས་ཆེན་ཁག་ལ་འགྲོ་སྐྱོད་བྱ་རྒྱུ་གཡོལ་འཛེམ་བྱ་གལ་ཆེན་པོ་ཡིན། ང་ཚོ་ཅི་ཙམ་ནད་ཡམས་ཁྱབ་ཡུལ་ཚབས་ཆེན་ཁག་ལ་མ་སོང་ན་དེ་ཙམ་གྱིས་འགྲོ་འོང་བཀག་སྡོམ་ལ་ནུས་པ་འཐོན་གྱི་རེད། གལ་སྲིད་ཕྱི་ཟླ་༤་ཚེས་༢༠་བར་དུ་ནད་པ་གསར་པ་འབྱུང་རྒྱུ་ཉུང་དུ་སོང་བ་སོགས་གང་ཅིའི་གནས་སྟངས་ཡག་ཏུ་སོང་ཚེ། ང་ཚོས་ས་གནས་ལ་གཞིགས་ནས་ལྷུག་ཡངས་གཏོང་སྲིད་ཅེས་གསུངས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG