ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨབ་ཏབ་ཀརྨ་ཕུ་རེ་ཝྭེལ་གྱི་ལས་ཁུར་དམ་འབུལ།


༄༅།། དེ་རིང་ཕྱི་ཟླ་དང་པོའི་ཚེས་༤་སྟེ། རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡་པའི་ཐོག་ཏུ་ཨ་རིའི་ཨོ་ཧ་ཡོ་མངའ་སྡེའི་སིན་སི་ནེ་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ་ཨབ་ཏབ་ཀརྨ་ཕུ་རེ་ཝྭེལ་གྱིས་ལས་ཁུར་དམ་བཅའ་བཞག་འདུག དེང་སྐབས་ཨ་རིའི་རྒྱལ་ཡོངས་སུ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པས་མི་ཚོགས་རྒྱས་འཛོམས་ཀྱིས་ཁུར་དམ་འབུལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་ཚོགས་མེད་པ་རེད།།

སྤྱི་ཁྱབ་གསར་པ་ཨབ་ཏབ་ཀརྨ་ཕུ་རེ་ཝྭེལ་གྱི་ཨ་ཕ་ནི་རྒྱ་གར་བ་དང་ཨ་མ་ནི་བོད་པ་ཡིན་ཞིང་། ཁོང་གིས་སིན་སི་ནེ་ཊི་གྲོང་ཁྱེར་གྱི་བྱུང་རབས་ནང་དུ་རླབས་ཆེན་ལེའུ་ཞིག་འགོ་ཚུགས་པ་རེད། ང་ཚོར་གདོང་ལེན་བྱེད་དགོས་པ་དང་ཐག་གཅོད་དཀའ་བ་མང་དག་ཅིག་འབྱུང་ཤས་ཆེ། འོན་ཀྱང་ངས་ཉིན་ལྟར་དཀའ་ལས་བརྒྱབ་ནས་གྲོང་ཁྱེར་འདིས་སྤོབས་པ་བྱེད་ཆོག་པའི་ལས་དོན་བསྒྲུབ་རྒྱུའི་ཁས་ལེན་བྱེད་ཆོག་ཅེས་མཛད་སྒོ་སྟབས་བདེ་དེར་འདུས་པའི་མི་ཚོགས་ལ་གཏམ་བཤད་གནང་འདུག

XS
SM
MD
LG