ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོར་བཙན་གནོན།


༄༅།། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༥་ལོའི་ཟླ་བ་༧་པར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་དང་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བྱས་ཤིང་། དེའི་རྗེས་སུ་རྒྱ་ནག་གི་དབང་འཛིན་པ་ཚོས་མུ་མཐུད་དུ་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཚོར་རྡུང་རྡེག་གཏོང་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་རྩོད་པ་བཅུ་ཕྲག་འགའ་ཞིག་གི་ཆེད་ལས་པའི་ལག་འཁྱེར་མེད་པར་བཟོས་པ་དང་ཐོ་ཁོངས་ནས་ནག་སུབ་བཏང་བ། ཁྲིམས་རྩོད་པའི་ལས་ཁང་ཁག་སྒོ་རྒྱག་ཏུ་བཅུག་པར་མ་ཟད། ཁྲིམས་རྩོད་པ་མང་པོའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་ཚོད་འཛིན་དང་བཙན་གནོན་ ཕོག་སྟེ་ཛ་དྲག་གི་གནས་སུ་ལྷུང་ཡོད་པའི་སྐོར་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG