ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་ལ་ཕྱི་རྒྱལ་གྱི་མིང་གྲགས་ཅན་གྱི་གྱོན་ཆས་བཀག་འགོག


༄༅།། ནུབ་ཕྱོགས་པའི་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་འབྱུང་གི་ཡོད་པའི་གནས་ཚུལ་ལ་བློ་འཚབ་ཡོད་པའི་གསལ་བསྒྲགས་སྤེལ་བའི་རྗེས་སུ་རྒྱ་ནག་ལ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་གྱོན་ཆས་ཉོ་སྒྲུབ་མཚམས་འཇོག་གི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཕྱིའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཆབ་སྲིད་ལ་ཐེ་ཇུས་བྱེད་མི་ཆོག་ཅེས་པའི་ཉེན་བརྡ་བཏང་ཡོད་པར་མ་ཟད། དཔལ་འབྱོར་དབྱེ་ཞིབ་པ་ཚོས་ནུབ་ཕྱོགས་པའི་བཟོ་ཚོང་ལས་ཁང་དེ་དག་གི་ལས་མི་མང་ཆེ་བ་རྒྱ་ནག་གི་ངལ་རྩོལ་བ་ཡིན་པས་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་འཕོག་རྒྱུ་རེད་ཅེས་གསུང་གི་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG