ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ནས་བོད་པ་༤་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྐུའི་འཁྲུངས་སྐར་སྐབས་སུ་བོད་མི་མང་པོ་ཞིག་བཀག་ཉར།

༄༅།། ཕྱི་ཟླ་༧་ཚེས་༦་ཉིན་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་ཞིང་། ད་ལོའི་འཁྲུངས་སྐར་གྱི་སྔ་རྗེས་སུ་མགོ་ལོག་དང་གསེར་རྟའི་ཕྱོགས་སུ་རྒྱ་ནག་གཞུང་གི་དམག་མི་དང་ཉེན་རྟོག་པ་ཚོས་བོད་པ་ཚོའི་ཁ་པར་ལ་ཞིབ་བཤེར་དང་འདྲི་ཞིབ་བྱས་ཏེ་ཕྱི་ཚེས་༡༣་ཉིན་གསེར་རྟ་རྫོང་གེ་སར་ཤང་ལམ་གྱི་སྒོ་རྟགས་༢་པའི་ཐོག་ཁར་ཡོད་པའི་ཟ་ཁང་ཞིག་ཏུ་རིན་ཆེན་བཟང་པོ་དང་བློ་དགའ། དག་ཐེར། དབང་ཕྱུག་སྐྱིད་བཅས་བོད་པ་བཞི་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཁོ་ཚོ་ནི་གསེར་རྟ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རེད། ཁོ་ཚོས་སློབ་གྲྭའི་གུང་གསེང་སྐབས་སུ་ཟ་ཁང་ནང་དུ་ལས་ཀ་ལས་ནས་བསྡད་ཡོད་པ་ཞིག་རེད་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་ས་གནས་དེའི་བོད་པ་ཞིག་གིས་འགྲེལ་བརྗོད་གནང་འདུག

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་འགྲེལ་བརྗོད་དོན་ལྟར་ན། ཕྱི་ཟླ་༧་ཚེས་༡༤་ཉིན་རྔ་བ་ཀིརྟི་དགོན་པའི་མགྲོན་ཁང་དུ་ལས་ཀ་བྱེད་མཁན་བོད་པ་ཞིག་འཛིན་བཟུང་བྱས་ནས་བཀག་ཉར་ཁང་དུ་ཁྲིད། ཉེ་ལམ་ཕྱི་ཟླ་༧་པའི་ཚེས་༣་གྱི་ཞོགས་པར་རྔ་བ་རྫོང་གི་སྤྲོ་སྐྱིད་ཚོང་རའི་ནང་དུ་བོད་པ་ཞིག་འཛིན་བཟུང་བྱས་འདུག་ཀྱང་མིང་དང་ཕ་ཡུལ་སོགས་ཤེས་རྟོགས་ཐུབ་མ་སོང་ཞེས་བཀྲལ། དེང་སྐབས་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་ལ་བོད་ནས་གནས་ཚུལ་འབྱོར་བ་ཞིག་འདི་གར་འགྲེལ་བརྗོད་གནང་བ་ལྟར་ན། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་༧གོང་ས་མཆོག་གི་སྐུ་པར་བརྒྱུད་བསྐུར་བྱས་པ་དང་མ་ཎི་བགྲང་དགོས་པའི་འབོད་སྐུལ་ཞུས་པའི་ཉེས་མིང་འོག་རྒྱ་ནག་གིས་བགོ་དབྱེ་བྱེད་ཡོད་པའི་སི་ཁྲོན་ཞིང་ཆེན། དཀར་མཛེས་ཁུལ། དཀར་མཛེས་རྫོང་གི་མངའ་འོག་མགོ་ལོག་མདའ་ཐ་མ་འཁྱག་ལུང་ཡུལ་ཚོའི་དབལ་ཤུལ་སྡེ་པའི་རང་ལོ་༤༠་ཙམ་ལ་སོན་པའི་སྐྱེས་པ་དཀོན་མཆོག་བཀྲ་ཤིས་ཟེར་བ་ཞིག་དང་བུད་མེད་རྫ་པོ་ཞེས་པ་གཉིས་འཛིན་བཟུང་བྱས་ཤིང་། ད་ལྟ་ཁོ་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།།

ཁོང་གིས་མུ་མཐུད་དུ་འགྲེལ་བརྗོད་གནང་བ་ལྟར་ན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མ་བསླེབས་གོང་དུ་རྒྱ་ནག་གཞུང་གིས་མགོ་ལོག་དང་དཀར་མཛེས་ཁུལ་དུ་བསང་གསོལ་དང་ཀླུང་རྟ་བསྐུར་མི་ཆོག་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་སྟབས་དཀར་མཛེས་རྫོང་ཁོངས་སུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ནས་བོད་པ་༣༠་ཡས་མས་ཤིག་འཛིན་བཟུང་བྱས་མོད། འོན་ཀྱང་རྒྱ་ནག་གི་དམ་དྲག་འོག་ཏུ་མི་དག་གི་གནས་སྟངས་ཅི་ཡིན་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་བ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG