ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༣/༡༣
བོད།
ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་བཤིག་ཤུལ་དུ་ཤིང་སྡོང་བཙུགས་པ།
༡༩།༠༥།༢༠༢༠
ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་བཤིག་ཤུལ་དུ་ཤིང་སྡོང་བཙུགས་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་བཤིག་ཤུལ་དུ་ཤིང་སྡོང་བཙུགས་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:44
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། སྔ་ལོ་རྒྱ་ནག་གཞུང་གིས་བོད་ཀྱི་དཔལ་ཡུལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཆོས་སྒར་གྱི་བཙུན་མའི་སྡོད་ཤག་མང་པོ་ཞིག་བཙན་གྱིས་སྡེབ་བཤིག་བྱས་ནས་ས་སྟོང་དུ་བསྒྱུར་ཡོད་ཅིང་། ད་ལྟ་ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་བཤིག་ཤུལ་དེར་ཤིང་ནགས་འདེབས་འཛུགས་བྱེད་ཀྱི་འདུག་ཅེས་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་བྱུང་། ཁོང་གིས་ཡ་ཆེན་སྒར་དུ་རྒྱལ་ཁབ་ཀྱི་བཀོད་ཁྱབ་ལྟར་ལས་མི་༡༠༠༠་ཙམ་ཆེད་གཏོང་བྱས་ཏེ་ལོ་སྔོན་མར་ཆོས་སྒར་དེའི་བཙུན་མའི་སྡོད་ཤག་མང་པོ་ཞིག་གཏོར་བཤིག་བཏང་ཟིན་པ་དེའི་ཤུལ་དང་དགོན་པའི་སྲང་ལམ་གཡས་གཡོན། དེ་བཞིན་ཆོས་སྒར་གྱི་མཐའ་དེར་ཆགས་པའི་ཟངས་མདོག་དཔལ་རིའི་མཐའ་འཁོར་བཅས་སུ་ཤིང་སྡོང་བཙུགས་ནས་ནགས་ཚལ་དུ་སྒྱུར་གྱི་འདུག ཤིང་སྡོང་བཏབ་ཟིན་པའི་ས་ཆ་ཚང་མ་རྒྱལ་ཁབ་ཀྱི་བདག་དབང་འོག་ཏུ་ཡོད་དགོས་པ་ལས་དགོན་པར་དབང་བ་ཞིག་ཡིན་ཚོད་མི་འདུག མ་འོངས་པར་ཆོས་སྒར་གྱི་འཛུགས་སྐྲུན་ལས་གཞི་ཁག་རྒྱ་སྐྱེད་ཅི་ཡང་བྱ་མི་ཐུབ་པ་ཞིག་ཏུ་གྱུར་འདུག ད་ལོ་ལས་གཞི་མང་པོ་ཞིག་གཉེར་རྩིས་ཡོད་པ་ཞིག་གླེང་གི་ཡོད་ཀྱང་གནས་སྐབས་རིང་ཤིང་སྡོང་འདེབས་འཛུགས་ཀྱི་ལས་གཞི་གཅིག་པུ་མགོ་བརྩམས་འདུག་ཅེས་བརྗོད་སོང་།།
Yarchen Gar satellite images
གཞན་ཡང་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ད་ལོ་རྒྱ་ནག་གི་ལོ་སར་ཚེས་མ་ཐག་པ་ནས་བཟུང་། ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་དུག་གིས་ཟླ་བ་གཉིས་ཡས་མས་ཤིག་ལ་འགྲོ་འོང་བཀག་སྡོམ་བྱས་ཤིང་། ཕྱིས་སུ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་ཀྱང་ཡ་ཆེན་སྒར་ལ་སྔར་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་དུ་འཇུག་གི་མེད་པ་དང་། དགོན་པར་གནས་མཇལ་དང་སྐོར་བ་བྱེད་དུ་ཡོང་མཁན་རྣམས་ཀྱང་ཐོ་འགོད་རིམ་པ་ཞིག་བྱས་ནས་ཡ་ཆེན་སྒར་དུ་འབྱོར་ཐུབ། ཡིན་ནའང་ཕྱི་སྐོར་དང་རྒྱང་མཇལ་ཙམ་ལས་དགོན་པ་དང་འདུ་ཁང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་ལ་མཆོད་མཇལ་བྱེད་དུ་གཏོང་གི་མེད་པ་དང་དགོན་པ་སྒོ་བརྒྱབ་ཡོད་པའི་སྐབས་ཡིན་པ་སྟེ། གཙོ་བོ་དགོན་པའི་འཛིན་སྐྱོང་བ་ཚོས་མིག་སྔར་ཏོག་དབྱིབས་ནད་དུག་གི་རིམས་ནད་ཡོངས་སུ་འཇོམས་མེད་པར་ནད་དུག་བསྐྱར་ལོག་རྒྱག་སྲིད་པར་འཛེམ་ཟོན་བྱ་དགོས་ཞེས་སྤྱི་མོས་བྱུང་བ་ཡིན་འདུག དེ་བཞིན་སློབ་གཉེར་བ་ཚོའི་ཉིན་རེའི་བསླབ་པ་སློབ་གཉེར་རྣམས་ཀྱང་དྲྭ་ལམ་དང་རྒྱང་བསྒྲགས་བརྒྱུད་ནས་ཐོས་བསམ་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག
འབྲེལ་ཡོད།
མཚོ་སྔོན་པོའི་རྒྱུད་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་འཆར་ཡོད་པ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་༢༥་འཁོར་བ།
XS
SM
MD
LG