ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྐྱེས་དགུ་མདོའི་རིན་ཆེན་རྡོ་རྗེ་གློད་གྲོལ།


༄༅།། རྒྱ་ནག་གཞུང་གིས་སྔ་ལོ་བོད་ཁམས་སྐྱེས་དགུ་མདོའི་བོད་པ་གསུམ་འཛིན་བཟུང་བྱས་པའི་གྲས་ཀྱི་རིན་ཆེན་རྡོ་རྗེ་གློད་གྲོལ་བཏང་ཡོད་ཅིང་། སྔ་ལོ་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་༡༠༠་འཁོར་བའི་དུས་དྲན་ཞིག་བོད་ས་ཡོངས་སུ་ཚུགས་པའི་སྐབས་དེར་རིན་ཆེན་རྡོ་རྗེ་དང་སྐལ་བཟང་ཉི་མ། ལྷུན་གྲུབ་གསུམ་གྱིས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་འཛིན་བཟུང་བྱས་འདུག ད་ལྟ་རིན་ཆེན་རྡོ་རྗེ་གློད་གྲོལ་བཏང་ཡང་སྐལ་བཟང་ཉི་མ་དང་ལྷུན་གྲུབ་གཉིས་གློད་གྲོལ་བཏང་མེད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG