ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བྱིས་པ་གཏན་སྡོད་སློབ་གྲྭར་བཅུག་པའི་སེམས་ཁམས་ཀྱི་གནོད་སྐྱོན།


༄༅།། དེང་སྐབས་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་སྔོན་འགྲོའི་སློབ་གྲྭའི་བྱིས་པ་རྣམས་ཕ་མའི་འཁྲིས་སུ་མ་བཞག་པར་གཏན་སྡོད་སློབ་གྲྭར་འཇོག་དགོས་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་དེས་བོད་ཕྲུག་ཚོས་རྒྱ་སྐད་ཁོ་ན་བཤད་དགོས་པ་དང་བོད་སྐད་མི་ཤེས་པ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་བོད་ཀྱི་སློབ་གསོའི་ལམ་ལུགས་ཐད་ཀྱི་དཔྱད་ཞིབ་པ་ཞིག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG