ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༡/༢༤

རྒྱ་ནག་གིས་ཞིན་ཅང་གི་བུད་མེད་ཚོར་སྐྱེ་སྒོ་འགོག་གི་མེད་ཟེར།


༄༅།། ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་བདུན་ཏེ། རེས་གཟའ་ཕུར་བུའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཞིན་ཅང་གི་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་བུད་མེད་རྣམས་རང་ཁྱིམ་དུ་ཕྲུ་གུ་སྐྱེ་སྤྱད་འཕྲུལ་ཆས་ལྟར་ལུས་ཡོད་པ་རྣམས་རྒྱ་ནག་གཞུང་གིས་བཅིངས་འགྲོལ་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཡོད་ཅེས་ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་བསྟོད་བསྔགས་ཀྱི་རྩོམ་ཐུང་ཞིག་བྲིས་ཤིང་། མི་མང་པོ་ཞིག་གིས་རྩོམ་ཡིག་དེར་སྐྱོན་དྲག་པོ་བྱས་པའི་རྗེས་སུ་ཊོས་ཊར་དྲྭ་ལས་ཁང་གིས་རྒྱ་ནག་གི་གཞུང་ཚབ་པས་དྲྭ་ཚིགས་ཀྱི་སྒྲིག་སྲོལ་ཁག་ལ་འགལ་འཛོལ་བྱས་སོང་ཞེས་རྩོམ་ཐུང་དེ་དྲྭ་ལམ་ནས་ནག་སུབ་བཏང་འདུག རྒྱ་ནག་སྲིད་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཕོན་ཆེན་ཞིག་བཀག་ཉར་ཁང་དུ་བཅུག་སྟེ་བུད་མེད་མང་པོར་སྐྱེ་སྒོ་འགོག་གི་ཡོད་པའི་ནག་ཉེས་དེ་ཚོར་ངོས་ལེན་གཏན་ནས་བྱེད་ཀྱི་མེད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG