ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་སྒེར་གྱི་སློབ་གྲྭ་ཁག་ལ་དམར་ཤོག་གི་ལྟ་བ་སློབ་ཁྲིད།


༄༅།། རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་བ་༥་པའི་ཚེས་༡༤་ཉིན་དམངས་གཉེར་སློབ་གསོའི་དོ་དམ་ཁྲིམས་ཡིག་ཟེར་བ་ཞིག་བཏོན་ཡོད་ཅིང་། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྤྱི་ཚོགས་དོ་དམ་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་ཤིག་རེད་ཅེས་ཉམས་ཞིབ་པ་ཚོས་གསལ་སྟོན་བྱས་ཡོད་ཅིང་། པེ་ཅིང་གི་དབང་འཛིན་པ་ཚོས་ཚན་རིག་ལག་རྩལ་དང་སློབ་གསོ་བཅས་ཀྱི་ཁྱབ་ཁོངས་སུ་མང་ཚོགས་ཀྱིས་མ་རྩ་འཛུགས་ཕྱོགས་ལ་བཅོས་སྒྲིག་དང་དོ་དམ་བྱ་རྒྱུ་དེར་ཤུགས་སྣོན་རྒྱག་རྒྱུ་འགོ་ཚུགས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG