ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད།


༄༅།། ཨ་རི་དང་དབྱིན་ཇི། འཇར་མན་ཎི་སོགས་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་བཅུ་ལྷག་གི་སྐུ་ཚབ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་སྤྱི་ཟླ་༥་པའི་ཚེས་༡༢་ཏེ། རེས་གཟའ་ལྷག་པའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དྲྭ་ལམ་ཚོགས་འདུ་ཞིག་ལ་མཉམ་ཞུགས་གནང་ནས་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་དང་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མཁས་པ་ཚོ་ཞིན་ཅང་ལ་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་བྱེད་དུ་གཏོང་དགོས། རྒྱ་ནག་གིས་དེ་ལ་བཀག་འགོག་བྱེད་མི་ཆོག་ཅེས་ནན་བརྗོད་གནང་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG