ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བའི་ཁྱིམ་ཚང་ཁག་ལ་རྒྱ་མི་གཉེན་ཉེ་གསར་པ་འབབ་སྡོད།


༄༅།། ༢༠༡༩་ལོར་ཞིན་ཅང་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་བྲོས་བྱོལ་དུ་འབྱོར་བའི་ཡུ་གུར་བའི་བུད་མེད་ཛུམ་ར་ཏ་དྷ་ཝུ་ཏས་བརྗོད་དོན་ལྟར་ན། ཁོ་མོ་དེ་སྔོན་ཞིན་ཅང་དུ་ཡོད་པའི་དུས་སུ་ཧ་ལམ་ཉི་མ་བཅུ་རེར་རྒྱ་མི་ལས་བྱེད་བཞི་རེ་སྣེ་ལེན་བྱ་དགོས་བྱུང་ཡོད་ཅིང་། ཁོ་མོ་དང་ཕྲུག་གསུམ་བཅས་བཟའ་མི་ཚོར་རྒྱ་གཞུང་གིས་ལྟ་རྟོག་ལས་བྱེད་པ་རེ་བསྐོ་བཞག་བྱས་སོང་། རྒྱ་ནག་གཞུང་གིས་གཉེན་ཉེ་གསར་པ་བསྐོ་བཞག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཡུ་གུར་བའི་ཁྱིམ་ཚང་རེ་རེར་ལས་བྱེད་པ་མངགས་གཏོང་བྱེད་འགོ་ཚུགས། འདི་ནི་དོན་དངོས་སུ་རྒྱ་ནག་གཞུང་གིས་ཡུ་གུར་བའི་ཁྱིམ་ཚང་ཁག་ལ་སྟངས་འཛིན་བྱ་ཐབས་ཤིག་ཡིན་པར་མ་ཟད། ཁྱིམ་ཚང་རེ་རེའི་མི་ཡོད་ཚད་རྣམས་ཆབ་སྲིད་ཀྱི་མི་གཏའ་མར་ཉར་འཛིན་བྱས་པ་འདྲ་པོ་ཞིག་རེད་ཅེས་བརྗོད་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG