ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བདུན་ཕྲག་འདིར་བོད་པ་༢༣༢་ལ་ནད་དུག་འགོས།


བདུན་ཕྲག་འདིར་བོད་པ་༢༣༢་ལ་ནད་དུག་འགོས།
please wait

No media source currently available

0:00 0:03:35 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༨་པའི་ཚེས་༥་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་བདུན་ཕྲག་འདིར་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་བཙན་བྱོལ་བ་༢༣༢་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་འདུག འདི་ནི་བདུན་ཕྲག་སྔོན་མར་བསྡུར་ན་ནད་པ་༥༢་མང་དུ་སོང་བ་རེད་ཅེས་བསྒྲགས། ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསལ་བསྒྲགས་ལྟར་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་དང་ཧི་མ་ཅལ་མངའ་སྡེའི་ནང་དུ་ནད་པ་གསར་པ་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ཧི་མ་ཅལ་མངའ་སྡེར་ཡུལ་སྐོར་དུ་ཡོང་མཁན་མངའ་སྡེ་གཞན་གྱི་མི་ཚོས་རང་ལ་ནད་རྟགས་མེད་པའི་དཔང་ཡིག་སྟོན་དགོས་པའི་སྒྲིག་གཞི་གསར་པ་ཞིག་གཏན་ལ་ཕབ། མངའ་སྡེ་ཁག་ཅིག་གིས་འགྲིམ་འགྲུལ་གྱི་དུས་སུ་དོ་བདག་སོ་སོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི སྨན་ཁབ་བརྒྱབ་པའི་དཔང་ཡིག་སྟོན་དགོས་པ་སོགས་ས་གནས་སོ་སོར་ནད་དུག་ཁྱབ་གདལ་འགོག་ཐབས་ཀྱི་ཁྲིམས་སྒྲིག་མ་འདྲ་བ་ལག་ལེན་བསྟར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་འཆར་ཡུ་ཊུབ་དྲྭ་ལམ་དུ་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་སྒར་གྱི་བོད་པ་ཞིག་གིས་གཞིས་ཆགས་ནང་དུ་ཏོག་དབྱིབས་ནད་པ་མང་དུ་འགྲོ་བཞིན་འདུག་ཅེས་བརྙན་ཐུང་ཞིག་བཀྲམ། ང་ཚོས་ས་གནས་དེའི་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་རྒྱལ་རྩེ་མིག་དམར་ལ་ཞལ་པར་ནང་དུ་བཅར་འདྲི་ཞུས། ཁོང་གིས་ད་ལྟའི་ཆར་ཀོ་ལི་གྷལ་དོན་དོན་གླིང་གཞིས་ཆགས་སུ་ནད་པ་༥༠་ལྷག་ཡོད། དེའི་གྲས་ཀྱི་ནད་དཔ་༣༠་ཡས་མས་ཤིག་རྫོང་གི་ནད་བཅོས་ཁང་དུ་ཡོད་པ་དང་མི་༢༡་གཞིས་ཆགས་ཀྱི་སྨན་ཁང་དུ་ལྟ་རྟོག་བྱས་ནས་བཞག་ཡོད་ཅེས་བཀྲལ།།

རྒྱལ་རྩེ་མིག་དམར་གྱིས་ཀོ་ལི་གྷལ་གཞིས་ཆགས་ལ་བོད་པ་༣༢༠༠་ ཙམ་ཡོད། མང་ཆེ་བར་སྔོན་འགོག་སྨན་ཁབ་དང་པོ་དེ་བརྒྱབ་ཟིན། རྒྱ་གར་ལ་ནད་རླབས་གསུམ་པ་ཞིག་འཕྱུར་རྒྱུ་རེད་ཟེར་གྱི་ཡོད་པར་རྒྱ་གར་གཞུང་དང་བོད་གཞུང་གི་རྒྱབ་སྐྱོར་འོག་སྔོན་འགོག་གི་གྲ་སྒྲིག་ཨང་གསར་ཡོད་ཅེས་ལན་འདེབས་བྱས་འདུག དེར་བརྟེན ས་གནས་དེར་ནད་པ་ཚོར་སྤྱི་ཡོངས་ཀྱི་ཆ་ནས་ལྟ་རྟོག་ཐུབ་རྒྱུའི་གདེང་ཚོད་ཆེན་པོ་ཡོད་པའི་རྣམ་པ་ཞིག་མངོན། ས་གནས་དེའི་རྫོང་དང་གྲོང་སྡེ་རིམ་པའི་འགོ་ཁྲིད་ཚོས་བོད་པའི་གཞིས་སྒར་ལ་གློ་བུར་དུ་ནད་པ་ཇེ་མང་དུ་སོང་བ་ཤེས་རྟོགས་བྱུང་སྟེ་ནད་པ་རྣམས་གཞིས་སྒར་དུ་འཇོག་མོ་ཆོག་པའི་བཀོད་ཁྱབ་བཏང་འདུག འོན་ཀྱང་ས་གནས་ཀྱི་གནས་སྟངས་ལ་གཞིགས་ནས་ནད་པ་ཁག་ཅིག་འཕྲོད་བསྟེན་སྨན་ཁང་གི་ལྟ་རྟོག་འོག་ཏུ་འཇོག་ཆོག་པའི་བཀའ་འཁྲོལ་ཐོབ། གཞིས་ཆགས་ཀྱི་ལས་སྣེ་ཚོས་འཕྲོད་བསྟེན་སྨན་ཁང་གི་ནད་པ་དེ་དག་གིས་གཞིས་སྒར་ནང་དུ་ནད་དུག་བགོ་ཁྱབ་མི་གཏོང་བ་དང་མི་དམངས་ལ་བརྟག་དཔྱད་བྱས་ནས་གང་གཟབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་བོད་པ་ཚོས་རང་ལ་ནད་རྟགས་ཐོན་པའི་དུས་སུ་བཟའ་མི་སྤུན་ཉེ་བཅས་ལ་མི་བགོ་བའི་ཆེད་དུ་རང་ཉིད་ཟུར་འགོག་བྱ་དགོས། རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཕོག་མཁན་བརྒྱ་ཆ་༤༠་ནས་༦༠་ཡས་མས་ཤིག་དྲག་སྐྱེད་བྱུང་བའི་རྗེས་སུ་ནད་རྟགས་མི་འདྲ་བ་སྣ་ཚོགས་ཤིག་ཐོན་ནས་དཀའ་ངལ་འཕྲད་མཁན་རྣམས་རེད། དེ་ལ་ཚང་མས་ཡིད་གཟབ་དང་ཐུགས་སྣང་གནང་གལ་ཆེ་ཞེས་ལམ་སྟོན་གནང་སོང་། སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་རྒྱ་གར་དང་ཨ་རི་སོགས་ལ་ཌེལ་ཊ་ཞེས་འབོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་འདུག ཚན་རིག་པས་རྟག་དཔྱད་བྱས་ནས་སྨན་ཁབ་བརྒྱབ་ཡོད་པ་ཚོར་ནད་དུག་གིས་གནོད་འཚེ་ཆེན་པོ་ཞིག་འཕོག་ཐུབ་ཀྱི་མེད་པ་ར་འཕྲོད་འདུག མི་ཚང་མས་སྨན་ཁབ་རྒྱག་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་བསྟན།།

ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་བཀོད་བྱུང་བར་གཞིགས་ན། རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་༥༩༤༨ ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༡༤༠་ཐམ་པར་འཆི་སྐྱོན། མི་༥༣༥༤་དྲག་སྐྱེད་དང་༤༥༤་ལ་སྨན་བཅོས་བྱེད་བཞིན ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG