ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བོད་ཕྲུག་ཚོར་རྒྱལ་གཅེས་ཀྱི་སློབ་གསོ་སྤེལ་བ།


༄༅།། ད་ལོ་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ཡིན་པས་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་ཡོངས་སུ་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་དང་དམར་ཤོག་གི་ཤེས་བྱ་རྣམས་དྲིལ་བསྒྲགས་བྱེད་པའི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད། དེ་ཡང་དམིགས་བསལ་བོད་ས་ཁག་ཏུ་རྒྱ་གཞུང་གིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ནང་དུ་དམར་ཤོག་གི་བསམ་བློའི་ལྟ་བ་སློབ་གསོ་ཤུགས་ཆེན་ཞིག་སྤེལ་བཞིན་ཡོད་པ་སྟེ། སློབ་རའི་ནང་དུ་སྙན་ངག་གྱེར་འདོན་དང་ཞབས་བྲོ་འཁྲབ་པ་སོགས་ཀྱི་ལས་འགུལ་བརྒྱུད་ནས་སློབ་ཕྲུག་ཚོར་དམར་ཤོག་གི་བསམ་བློ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བཞིན་ཡོད་ཅིང་།

གཞན་ཡང་རྒྱ་ནག་སྲིད་གཞུང་གིས་ཡུལ་སྐོར་སྤྲོ་འཁྱམ་གྱི་ལས་རིགས་ཡར་རྒྱས་གཏོང་རྒྱུར་ཁ་གཡར་ནས་བོད་ཤར་ཕྱོགས་ཀྱི་རོང་ས་མང་པོར་ཞིང་པའི་ས་ཞིང་རྣམས་རྒྱ་མི་ཚོང་པ་ཚོས་བདག་པོ་བརྒྱབ་སྟེ་ཞིང་ཁ་མང་ཆེ་བར་སྔོ་ཚོད་ཀྱི་རིགས་དང་མེ་ཏོག་འདྲ་མིན་བཏབ་སྟེ་བོད་ཀྱི་སྲོལ་རྒྱུན་ལ་གཏོར་བརླག་དང་ས་གནས་བོད་པ་ཚོའི་འཚོ་གནས་ལ་དཀའ་ངལ་འཕྲད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག་པའི་སྐོར། ཚེ་རིང་དབང་མོས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG