ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དགེ་བཤེས་སྟོབས་རྒྱལ་ཐུགས་དམ་ལ་བཞུཊ་པར་ཚན་རིག་པས་བརྟག་དཔྱད།


༄༅།། འཕགས་ཡུལ་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་ཤར་རྩེ་གྲྭ་ཚང་ཉག་རེ་ཁང་ཚན་གྱི་བཀའ་འགྱུར་བླ་མ་བློ་བཟང་ཆོས་འཕེལ་ལམ། མཚན་གཞན་དགེ་བཤེས་སྟོབས་རྒྱས་ཞེས་འབོད་པའི་བྱ་བྲལ་བ་དེ་ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༣་གྱི་སྔ་དྲོར་དགུང་ལོ་༡༠༣་གྱི་ཐོག་ཏུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཤག་ཏུ་དུས་རྒྱུན་ལྟར་ཉམས་བཞེས་དང་སྒོམ་བསྐྱོན་ཏེ་སྐྱིལ་ཀྲུང་དུ་བཞུགས་ནས་དགོངས་པ་རྫོགས། དམ་པ་དེ་ཉིན་དགུ་ལ་ཐུགས་དམ་དུ་བཞུགས་ནས་དེ་རིང་ཕྱི་ཟླ་༢་ཚེས་༡༤་ཉིན་སྐུ་གདུང་ཞུགས་འབུལ་ཞུས། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་ཀྱིས་འདི་གའི་གསར་འགོད་པར་ཚན་རིག་པ་དང་སྨན་པ་ཚོས་ཐུགས་དམ་ལ་ཉམས་ཞིབ་བྱས་ཡོད་པར་མ་ཟད། ལྷག་པར་དུ་ལོ་༢༥་ལྷག་གི་རིང་དུ་སྐུ་ཕུང་ལ་བརྟག་དཔྱད་བྱེད་མཁན་ཚན་རིག་པ་བྷེང་ལོར་དང་ཧུབ་ལི་གྲོང་ཁྱེར་གཉིས་ནས་ཕེབས་ཏེ་བརྟག་དཔྱད་བྱས་པ་རེད། རྒྱ་གར་གྱི་དབང་རྩའི་ཚན་རིག་པ་དང་ཆེད་ལས་སྨན་པ་མཁས་པའི་སྡེ་ཚན་གཉིས་ཀྱིས་སྐུ་ཕུང་ལ་བརྟག་དཔྱས་བྱས་སོང་ཞེས་འགྲེལ་བརྗོད་གནང་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG