ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ།


༄༅།། འདས་པའི་གཟའ་འཁོར་གཅིག་རིང་དེར་བོད་དོན་ལས་འགུལ་བ་ཚེ་རིང་ཡེ་ཤེས་དང་འཆི་མེད་རྟ་མགྲིན་རྣམ་གཉིས་ཀྱིས་རྒྱ་གར་གྱི་ཧི་མ་ཅཱལ་མངའ་སྡེའི་བོད་པ་གནས་འཁོད་ས་ཁག་ཚང་མར་འཕྲུལ་རྟ་བཞོན་ནས་སྐོར་སྐྱོད་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གཞུང་གིས་སྤྱི་དམངས་གི་གཟེངས་རྟགས་མཐོ་ཤོས་བྷ་ར་ཏ་རཏྣ་འབུལ་དགོས་ཞེས་མི་དམངས་ཀྱི་མཚན་རྟགས་བསྡུ་རུབ་གནང་ཟིན་ཡོད་ཅིང་། ད་ལྟ་ཁོང་གཉིས་ཅན་དི་གྷར་གྲོང་ཁྱེར་དུ་འབྱོར་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་ཁ་པར་བརྒྱུད་ནས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG