ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དབྱིན་ཇིའི་འཐུས་མི་ཞིག་གིས་བོད་དོན་གླེང་སློང་།


༄༅། བོད་དོན་རྒྱབ་སྐྱོར་བའི་སྒྲིག་འཛུགས་ཁག་ཐུན་མོང་གིས་སྙན་ཐོ་ གསར་པ་ཞིག་བཏོན་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་པ་ཚོ་གང་བྱུང་ས་གནས་གཞན་ལ་གནས་སྤོར་བྱེད་དུ་འཇུག་གི་ཡོད་ཅིང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་གཤིས་སོགས་བོད་པའི་ཁྱད་ཆོས་ལྡན་པའི་ངོ་བོ་རྣམས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ངན་པ་ཁག་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་བཏང་འདུག དེར་བརྟེན་བོད་ལ་སྲིད་ཇུས་དེ་དག་ལག་ལེན་བསྟར་མཁན་རྒྱ་གཞུང་གི་ལས་སྣེ་ཚོར་དབྱིན་ཇིའི་གཞུང་གིས་དཔལ་འབྱོར་དམ་དྲག་གི་ཉེས་ཆད་གཅོད་དགོས་ཞེས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཕྱི་སྲིད་དྲུང་ཆེར་འབོད་སྐུལ་ཞུས་པའི་ གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མས་དབྱིན་ཡུལ་གྱི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG