ངོ་འཕྲད་བདེ་བའི་དྲ་འབྲེལ།

རྡ་རམ་ས་ལ་ནས་རྒྱ་གར་རྒྱལ་ཡོངས་སུ་འཕྲུལ་རྟའི་སྐོར་སྐྱོད།


༄༅།། སྤྱི་ཟླ་༣་ཚེས་༢༢་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་བོད་པའི་དང་ཟུར་ཚེ་རིང་ཡེ་ཤེས་དང་གྲོགས་པོ་འཆི་མེད་རྟ་མགྲིན་རྣམ་གཉིས་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་འཕྲུལ་རྟའི་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འགོ་ཚུགས་སོང་། ཁོ་ཚོའི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གཞུང་གིས་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་བྷ་ར་ཏ་རཏྣ་འབུལ་དགོས་པའི་མཚན་རྟགས་བསྡུ་རུབ་བྱ་རྒྱུ་ཡིན་འདུག དེ་རིང་གི་ལས་འགུལ་འདིར་ཉིན་༥༠་ལྷག་འགོར་རྒྱུ་ཡིན་པ་དང་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་གཙོས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་མི་དམངས་བཅས་ཀྱིས་ལས་འགུལ་འདིར་ལམ་ལྷོངས་ཡོང་བའི་སྨན་འདུན་ཞུས་པར་མ་ཟད། ལས་འགུལ་བ་གཉིས་ལ་ཁ་བཏགས་འཐེན་ནས་ལམ་འཇུག་བྱས་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG