ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་བྷ་ཌན་གྱི་ཁྲིམས་གཞི་ལ་གྲོས་ཚོགས་ཀྱིས་ཆོག་ཆན་བཀོད་པ།


༄༅།། ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་སེལ་རྒྱུར་རྒྱལ་ནང་གི་རྒུད་སྐྱོབ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡་དང་གྲངས་ཆུང་༩་ཡི་ཁྲིམས་གཞི་ཞིག་བཏོན་པར་རྒྱལ་ཡོངས་གྲོས་ཚོགས་འོག་མས་མོས་མཐུན་དང་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་ཡོད་ཅིང་། འགྲོ་གྲོན་གྱི་ཁྲིམས་གཞི་དེ་ནི་ཨ་མི་རི་ཀའི་ལོ་རྒྱུས་སུ་འགྲོ་གྲོན་ཧ་ཅང་གི་ཆེན་པོའི་ཁྲིམས་གཞི་ཞིག་ཏུ་གྱུར་ཡོད་པས་སྲིད་འཛིན་བྷ་ཌན་གྱི་ལས་དོན་ལ་རྒྱལ་ཁ་ཆེན་དང་པོ་དེ་ཐོབ། སྲིད་འཛིན་གྱིས་སང་ཉིན་གཟའ་པ་སངས་ཉིན་ཁྲིམས་གཞི་དེར་མཚན་རྟགས་བཀོད་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་འགྱུར་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG