ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཝང་ཡུས་ལ་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་ཐོབ་པ།


༄༅།། ཁ་སང་སྤྱི་ཟླ་༣་པའི་ཚེས་བརྒྱད་དེ། རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཉིན་མོར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྐུ་ཟླ་ཇཱིལ་བྷ་ཌན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གཉིས་ཀྱིས་དྲྭ་ལམ་དུ་འཛམ་གླིང་གང་སའི་བུད་མེད་སྙིང་སྟོབས་ཅན་ཚོར་གཟེངས་རྟགས་འབུལ་བཞེས་གནང་ཡོད་ཅིང་། བུད་མེད་དེ་དག་གི་གྲས་སུ་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཝང་ཡུས་ཀྱང་ཚུད་དེ་ཨ་རིའི་སྲིད་གཞུང་གིས་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་ཕུལ་འདུག འོན་ཀྱང་ཝང་ཡུས་རང་གི་འདོད་མོས་ལྟར་གཟེངས་རྟགས་འབུལ་བཞེས་ཀྱི་དྲྭ་ལམ་མཛད་སྒོར་མཉམ་ཞུགས་བྱས་ཐུབ་མེད་པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག་པར་མ་ཟད། རེས་གཟའ་ཟླ་བའི་ཉིན་གྱི་དྲྭ་ལམ་མཛད་སྒོ་དེར་ཨབ་གྷ་ཎི་སི་ཐན་གྱི་བུད་མེད་འགོ་ཁྲིད་དང་བུད་མེད་ལས་འགུལ་བ་མི་༧་ལ་ཡང་གཟེངས་རྟགས་དེ་ཕུལ་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG